ཧི་མ་ལ་ཡའི་རི་རྒྱུད་དུ་ལོ་ངོ500འགོར་བའི་གྲྭ་བཙུན་ཞིག་གི་སྐུ་གདུང་རྙེད་པ།
ཧི་མ་ལ་ཡའི་རི་རྒྱུད་དུ་ལོ་ངོ500འགོར་བའི་གྲྭ་བཙུན་ཞིག་གི་སྐུ་གདུང་རྙེད་པ།
སྤྱི་ཟླ12པའི་ཚེས23ཉིན། BBCཡིས་བཀོད་པའི་གསར་འགྱུར་ལྟར་ན། ཡུལ་སྐོར་བ་འགའ་རྒྱ་གར་བྱང་ཕྱོགས་ནས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་སུ་སྤྱི་ལེ9ཡི་སར་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཞིག་གི་སྐུ་གདུང་རྙེད་པ་རེད།
གསར་འགྱུར་འདིའི་རྩོམ་པ་པོའམ་ཡུལ་སྐོར་བ་ནེ་ལི་མཱ་ཝ་ལན་ཀྱེ་ཡིས་སྐབས་དེའི་གནས་ཚུལ་བརྗོད་པ་སྟེ། སྐབས་དེར་ཁོ་དང་གྲོགས་པོ་འགའSpitiཞེས་དབེན་གནས་ཤིག་ཏུ་ཕྱིན་པ་ན། སྣེ་ཤན་པའི་གནས་ཁྲིད་འོག་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་སྤྱི་ལེ9ཡི་སར་སྡེ་བའི་གྱང་ཁང་ཞིག་ཏུ་ལོ་ངོ500ཡི་ལོ་རྒྱུས་ལྡན་པའི་སྐུ་གདུང་ཞིག་མཐོང་། སྣེ་ཤན་པ་སུའུ་རུའུ་ཀྱེ་ཡིས་བཤད་ན། འདི་ནི་དུས་རབས15ཡི་ནང་བསྟན་བཙུན་པ་བསྟན་འཛིནSangha Tenzinགྱི་སྐུ་གདུང་ཡིན་པ་དང་། ས་གནས་མང་ཚོགས་ཀྱིས1975ལོར་སྐུ་གདུང་འདིའི་མཆོད་རྟེན་ས་འགུལ་ཁྲོད་ཞིག་སོང་ཟེར་ལ་ད་ལྟའི་བར་ཕྱིར་རྗེན་པར་ལུས་པ་དང་། སྲུང་སྐྱོབ་ཇི་ཡང་བྱས་མེད་ནའང་སྐུ་གདུང་ལ་རུལ་སྐྱོན་ཕལ་ཆེར་ཐེབས་མི་འདུག ཡིན་ཡང་སྐུ་གདུང་འདིའི་བདེན་རྫུན་དང་རྙེད་པའི་གོ་རིམ་དག་ད་དུང་དབང་གྲགས་སྡེ་ཁག་གིས་གཏན་འཁེལ་བྱས་མེད་པ་རེད།
ཞིན་ཧྭ་དྲ་བས་བཀོད་པའི་གསར་འགྱུར་ལྟར་ན། བོད་ལྗོངས་མངའ་རིས་ས་ཁུལ་གནའ་རྫས་རྟོག་ཞིབ་པས 2003 ལོར་རྩ་མདའ་རྫོང་མཐོ་ལྡིང་དགོན་པ་དང་སྨི500ཡི་ལུང་བ་རུ་སྐུ་གདུང་ཞིག་རྙེད་མྱོང་ཞིང་། སྐུ་གདུང་དེ་ལེགས་པོར་ཉར་ཡོད་ལ། རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་འདུག
མངའ་རིས་ས་ཁུལ་རིག་དངོས་སྡེ་ཁག་གིས་ཐོག་མའི་གཏན་འབེབ་ལྟར་ན། སྐུ་གདུང་འདི་ནི་བོད་ཀྱི་མིང་གྲགས་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་གདུང་ཡིན་སྲིད་པ་རེད། ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་སྤྱི་ལོ958ལོར་འཁྲུངས་ཤིང་སྤྱི་ལོ1055ལོར་མྱ་ངན་ལས་འདས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com