ངོས་དང་པོ > སྐབས་དོན། > སྣ་ཚོགས། > 2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་སུ་བརྩམས་ཆོས་བསྡུ་བའི་གསལ་བརྡ།
2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་སུ་བརྩམས་ཆོས་བསྡུ་བའི་གསལ་བརྡ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-01-07 09:57:00
ཀློག་གྲངས།:
བོད་མདོ་དབུས་ཁམས་གསུམ་དང་ཕྱི་སྡོད་བོད་མི་དག་གི་ལོ་སར་སྤྲོ་སྐྱིད་ཡོང་བ་དང་། སྐབས་དེར་ཀུན་ལ་གླུ་གར་གཏམ་གསུམ་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་འབུལ་ཆེད། བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་བྷེ་དང་། བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས། ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་གསུམ་གྱིས་མཉམ་གཅིག་ཏུ་བསྡུ་བའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དེ་ད་ལོའི་ལོ་སར་སྐབས་སུ་ཀུན་གྱི་སྤྱན་ལམ་དུ་བསྟར་རྒྱུ་རེད།
2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དེ་དུས་ཡུན་ཟླ་གསུམ་ལྷག་གི་གྲ་སྒྲིག་སྟ་གོན་གྱི་བྱ་བ་སྣ་ཚོགས་བརྒྱུད་ནས། ད་ལྟ་སྔོན་འགྲོའི་དོན་བྱ་ཡོད་ཚད་ཚགས་སུ་ཆུད་ཡོད་ལ། དགོང་ཚོགས་སྟ་གོན་གྱི་སྐབས་སུ་བོད་མདོ་དབུས་ཁམས་གསུམ་ཀུན་གྱི་སྒྱུ་རྩལ་པ་དག་གི་བརྩམས་ཆོས་གང་མང་འབྱོར་ཡོད་ལ། མིག་སྔར་ད་དུང་གླུ་གཞས་བརྩམས་ཆོས་སོགས་བསྡུ་བཞིན་པའི་སྒང་ཡིན།
ལོ་སར་དགོང་ཚོགས་འདིར་འཚོ་བའི་ནང་བཅུད་ཀྱིས་ཕྱུག་ཅིང་། བསམ་པ་ཡར་གཏོགས་ཀྱིས་བརྒྱན་ལ། མི་སེར་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་། རོལ་མོ། ཁ་མཚར་ཁ་ཤགས་སོགས་ལེ་ཚན་མཁོ་བས། ཁྱེད་ལ་འཇོན་ནུས་ཡོད་ཚེ་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དེ་ཁྱེད་ལ་དབང་ཆོག བརྩམས་ཆོས་བསྡུ་མཚམས་འཇོག་པའི་དུས་ཚོད་ནི། 2016 ལོའི་ཟླ1པོའི་ཚེས10ཡི་དགོང་མོའི་དུས་ཚོད23:00 གྱི་སྔོན་ཡིན་པས། ཉིད་ཀྱིས་རང་གི་བརྩམས་ཆོས་གང་བཟང་གང་ལེགས་དེ་བསྐུར་གནང་ཡོང་བར་ཞུ།
གླུ་གཞས་བརྩམས་ཆོསWAVཡི་རྣམ་པས་བསྐུར་དགོས་ལ། དེ་དང་ལྷན་དུ་རང་ཉིད་ཀྱི་འདྲ་པར་གསལ་བོ་རེ་དང་ཚིག་དབྱངས་རྩོམ་པ་པོའི་མིང་དང་གླུ་ཚིག་སོགས་ཀྱང་བསྐུར་རྒྱུ་མ་བརྗེད། དགོང་ཚོགས་འདི་ནི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཡིན་པས། བརྩམས་ཆོས་ཡོད་ཚད་བོད་སྐད་རྐྱང་རྐྱང་ཡིན་དགོས་པ་དེའང་མ་བརྗེད། གལ་ཏེ་ཉིད་ཀྱི་བརྩམས་ཆོས་དགོང་ཚོགས་སུ་བདམས་ཐོན་བྱུང་ཚེ། ཁྱེད་ལ་དེ་མ་ཐག་བརྡ་རྒྱག་ངེས་ཡིན།
ང་ཚོས་ལྷག་བསམ་རྣམ་དག་གིས་ཁྱེད་དང་ཁྱེད་ཀྱི་བརྩམས་ཆོས་དྲ་ལམ་བོད་ཀྱི་ལོ་སར་དགོངས་ཀྱི་གར་སྟེགས་སུ་གསལ་ལྷང་ངེར་མངོན་ཡོང་བར་རེ་ལྟོས་བྱས་ཡོད།
བརྩམས་ཆོས་བསྐུར་སའི་ཡིག་སྒམ། 107305462@qq.com
འབྲེལ་གཏུགས་ཁ་པར་ཨང་གྲངས། 18697291521(རིག་སྒྲོན)

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།