ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་ད་ལོར་དངོས་སུ་སྒོ་འབྱེད་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2016-01-08 09:02:00 ཀློག་གྲངས།:
     ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁོངས་ཐོན་ཁུངས་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་མིང་ལ་འཐད་པ་བྱུང་། འདི་ནི་གནའ་བོའི་ཨེ་ཤ་ཡའི་ས་གཤིས་ས་དབྱིབས་ཀྱི་ཤུལ་བཞག་ཆ་ཚང་སྲུང་སྐྱོབ་བྱས་པའི་མངའ་ཁོངས་གྲས་ཀྱི་གཅིག་རེད།
     རང་རྒྱལ་གྱི་ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་ནི་མདོ་དབུ་མཐོ་སྒང་གི་དཀྱིལ་དབུས་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་བྱང་གི་མཚམས་སུ་ཡོད། རྨ་ཆེན་གངས་རི་ནི་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱས་པའི་རི་བོ་ཆེན་པོ་བཅུའི་གྲས་ཀྱི་གཅིག་ཡིན། ཉིས་སྟོང་བཅུ་གཉིས་ལོར། ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་སྐོར་དྲུག་པའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཁྲོད་བདམས་པར་མ་ཟད། ལོ་དེའི་ཟླ11པ་ནས་བཟུང་། ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་འཆར་འགོད་མགོ་བརྩམས་པ་རེད།
     2014ལོའི་ཟླ1པོར། མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས《མཚོ་སྔོན་ཨ་མྱེས་རྨ་ཆེན་སྤྱི་གླིང་སྒོ་འབྱེད་འཛུགས་སྐྲུན་ལག་བསྟར་བྱེད་ཐབས》ལ་ཆོག་མཆན་ཐོབ། 2015ལོའི་ཟླ11པའི་ཚེས9ནས་ཚེས11ཉིན་བར། རྒྱལ་ཁོངས་ཐོན་ཁུངས་སྡེ་ཁག་གི་ཆེད་མཁས་པས་ཉིན་གསུམ་རིང་ལ་དཔྱད་ཞིབ་བྱས་པ་དང་། ད་ལྟ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཚད་གཞིར་སླེབས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།