ལྷ་ས་རུ་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་རབས་དང་རིམ་པ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-14 10:53:00 ཀློག་གྲངས།:


ལྷ་ས་རུ་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་རབས་དང་རིམ་པ་སྤེལ་བ།

ལྷ་ས་རུ་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་རབས་དང་རིམ་པ་སྤེལ་བ།
བྲོ་གར་འཁྲབ་སྟོན་བྱེད་པ།


ཡིག་གཟུགས་འབྲི་བ།

     སྤྱི་ཟླ1པོའི་ཚེས10ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་གཙོ་སྒྲུབ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་གནང་བའི2016ལོའི་དཔྱིད་གསར་དང་བོད་ལུགས་ལོ་སར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གླུ་གར་འཁྲབ་སྟོན། 2016ལོའི་ལོ་སར་གྱི་རིག་གནས་འགྲེམ་སྟོན་སོགས་བྱ་འགུལ་རབས་དང་རིམ་པ་ལྷ་ས་རུ་སྤེལ་བ་རེད།
     གླུ་གར་འཁྲབ་སྟོན་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་གྱི་འགན་ཁུར་བ་ཡིན་ལ། བོད་ལྗོངས་ཀྱི་སྲོལ་རྒྱུན་ཟློས་གར་དང་། བྲོ་གར། མི་རིགས་ཀྱི་རྒྱན་གོས་འཁྲབ་སྟོན་སོགས་འཁྲབ་སྟོན་བྱེད་ཅིང་། ལོ་སར་གྱི་དམངས་སྲོལ་རིག་གནས་འགྲེམ་སྟོན་ལ་པར་རིས་དང་། རིག་དངོས། གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མི་སྣས་ཡུལ་དངོས་འཁྲབ་སྟོན་སོགས་རྣམ་པ་དོད་པོའི་འགྲེམ་སྟོན་ངང་སྤྲེའུའི་རིག་གནས་དང་དཔྱིད་གསར། བོད་ལུགས་ལོ་སར་བཅས་དང་འབྲེལ་བའི་ནང་དོན་འདུས།
     རྒྱུས་ལོན་པ་ལྟར་ན། ལོ་སར་གྱི་རིག་གནས་འགྲེམ་སྟོན་དེ་སྤྱི་ཟླ1པོའི་ཚེས15བར་རྒྱུན་བསྲིང་རྒྱུ་རེད།

ལྷ་མོ་ཚེ་སྐྱིད་ཀྱིས་ཤིན་ཧྭ་དྲ་བ་ལས་བཤུས་ཏེ་བསྒྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།