2016ལོའི་བོད་ཀྱི་དྲ་ལམ་ལོ་སར་དགོང་ཚོགས་ཀྱི་གླུ་བ་འགར་གདན་ཞུའི་ཡི་གེ་བསྐུར་ཟིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-15 11:02:00 ཀློག་གྲངས།:

གླུ་བ་བདུད་བྷེ་ལ་གདན་ཞུའི་ཡི་གེ་བསྐུར་བ།
གླུ་བ་བདུད་བྷེ་ལ་གདན་ཞུའི་ཡི་གེ་བསྐུར་བ།


གནམ་ལྕགས་རོལ་ཚོགས་ལ་གདན་ཞུའི་ཡི་གེ་བསྐུར་བ།


གླུ་བ་སྒྲོལ་མ་སྐྱབས་ལ་གདན་ཞུའི་ཡི་གེ་བསྐུར་བ།


གླུ་མ་དབྱངས་ཅན་ལྷ་མཛེས་ལ་གདན་ཞུའི་ཡི་གེ་བསྐུར་བ།


གླུ་མ་རྡོ་བ་ཚེ་སྐྱིད་ལ་གདན་ཞུའི་ཡི་གེ་བསྐུར་བ།


གླུ་མ་གནམ་འཚོ་ལ་གདན་ཞུའི་ཡི་གེ་བསྐུར་བ།

     ཉེ་སྔོན། སྐབས་དང་པོའི་བོད་ཀྱི་དྲ་ལམ་ལོ་སར་དགོང་ཚོགས་ཀྱི་ལེ་ཚན་རུ་ཁག་གིས་གཟབ་ནན་ཞིབ་བཤེར་དང་ལེགས་འདེམ་བྱས་པར་བརྒྱུད་དགོང་ཚོགས་ཀྱི་གླུ་བ་གླུ་མ་གཏན་འཁེལ་བྱས་ཤིང་། བདམས་ཟིན་པའི་གླུ་བ་གླུ་མ་དང་སྒྱུ་རྩལ་པ་འགར་གདན་ཞུའི་ཡི་གེ་བསྐུར་ཟིན་པ་རེད།
     དགོང་ཚོགས་ཀྱི་ལེ་ཚན་རུ་ཁག་གིས་སྤྱི་ཚོགས་ཡོངས་སུ་བརྩམས་ཆོས་བསྡུ་བའི་ཆ་འཕྲིན་སྤེལ་རྗེས་བརྩམས་ཆོས་བརྒྱ་འགའ་འབྱོར་ཞིང་། ས་ཁུལ་སོ་སོའི་གླུ་བ་གླུ་མ་དང་སྒྱུ་རྩལ་པ་རྣམས་ཀྱིས་སྐབས་དང་པོའི་དྲ་ལམ་ལོ་སར་དགོང་ཚོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག   དགོང་ཚོགས་ཀྱི་དུས་བཀག་དང་ལེ་ཚན་གྱི་ཚད་བཀག་རང་བཞིན་གྱིས་བརྩམས་ཆོས་ཚང་མ་འགྲེམ་མི་ཐུབ་པར་དགོངས་འགལ་ཞུ། ཡིན་ཡང་ལེ་ཚན་རུ་ཁག་གིས་ལག་སོན་བྱུང་བའི་བརྩམས་ཆོས་ཡོངས་དྲ་ལམ་ལོ་སར་དགོང་ཚོགས་ཀྱི་རོལ་མོའི་མཛོད་དུ་བཅུག་ཡོད་པ་དང་། ཉིན་ཞིག་ལ་ཁྱེད་ཀྱི་བརྩམས་ཆོས་འགྲེམ་པའི་གོ་སྐབས་ངེས་པར་ཡོད་སྲིད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།