2016ལོའི་སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དེ་བསང་ཆུ་རྫོང་དུ་སྤེལ་རྒྱུ་ཡིན་པ།
དགོང་ཚོགས་ཀྱི་དྲིལ་སྒྲོག་པར་རིས།
སྒྲ་སྙན་རིག་གནས་སྨྱན་བྱེད་ཚད་ཡོད་འགན་ལེན་ཀུང་ཟི་དང་གངས་ཆབ་ཟེགས་མ་རིག་གནས་རྒྱུད་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་གཙོ་སྒྲུབ་དང་། བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་དབྱངས་བསྟན་འཛིན་དང་། བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས། ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་གསུམ་གྱིས་མཉམ་གཅིག་ཏུ་བསྡུ་འཆར་ཡོད་པའི2016ལོའི་སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་དེ་ཟླ1པོའི་ཚེས20ཉིན་ཀན་སུའུ་ཞིང་ཆེན་བསང་ཆུ་དུང་དཀར་ཐང་བོད་ཀྱི་རིག་གནས་ཐོན་ལས་གླིང་འཁྲབ་སྟོན་ལྟེ་གནས་སུ་སྤེལ་རྒྱུ་རེད།
གླུ་བ་ཀུན་དགའ་ལ་བཏང་བའི་གདན་ཞུ་ཡི་གེ
ཐེངས་འདིའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་སུ་གླུ་བ་ཀུན་དགའ་དང་། བཀྲ་ཤིས་ཉི་མ། ཚེ་དབང་ལྷ་མོ། བདེ་སྐྱིད་ཚེ་རིང་། སྒྲོལ་མ་སྐྱབས། དབྱངས་ཅན་ལྷ་མཛེས། གནམ་མཚོ། རྡོ་བ་ཚེ་སྐྱིད། གཡང་ཕྱུག་མཚོ། གླིང་འབྲུག་མོ་ཚན་སྡེབ་སོགས་བོད་ཀྱི་མིང་གྲགས་གླུ་བ་གླུ་མ་སྐོར་ཞིག་གདན་འདྲེན་ཞུས་ཡོད་ཅིང་། རྒྱུས་ལོན་པ་ལྟར་ན། ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར་སྐབས་དང་པོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གླུ་བ་གླུ་མ་ས་གདན་དམར་པོའི་སྟེང་བསྐྱོད་པའི་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ་རེད།
གླུ་མ་ཚེ་དབང་ལྷ་མོ་ལ་བཏང་བའི་གདན་ཞུ་ཡི་གེ
ཐེངས་འདིའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་ནི་ཀྲུང་གོའི་བོད་ཀྱི་རོལ་དབྱངས་དྲ་བ་དང་། ཀྲུང་གོའི་བོད་ཀྱི་དྲ་བ། བོད་མིའི་རིག་གནས་དྲ་བ། མཚོ་སྔོན་པོ་དྲ་བ། དྲི་ཟའི་རོལ་དབྱངས་དྲ་བ། མཆོད་མེ་རྩོམ་རིག་དྲ་བ། ཞིན་ཧྭ་དྲ་བ་སོགས་རྒྱལ་ནང་གི་བོད་ཀྱི་དྲ་བ་གྲགས་ཅན་དང་བོད་ཀྱི་ཁེ་ལས་དག་གིས་རྒྱབ་སྐྱོར་ཆེན་པོ་བྱེད།
གླིང་འབྲུག་མོ་ཚན་སྡེབ་ལ་བཏང་བའི་གདན་ཞུ་ཡི་གེ
དགོང་ཚོགས་གཙོ་སྒྲུབ་ཕྱོགས་ཀྱིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་སྐོང་བར་དེ་རིང་ནས་བཟུང་འཛིན་ཤོག་ཉུང་ཤས་འཚོང་རྒྱུ་རེད།
འཛིན་ཤོག་འཚོང་གནས།
བསང་ཆུ་རྫོང་གངས་ཆབ་ཟེགས་མའི་འགྱུར་ཁུགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི།
བསང་ཆུ་རྫོང་གངས་ཆབ་ཟེགས་མའི་ནོར་བུ་གླིང་།
བསང་ཆུ་རྫོང་དུང་དཀར་ཐང་འཁྲབ་སྟོན་ལྟེ་གནས།
འཛིན་ཤོག་ཉོ་བའི་ཁ་པར། 0941-7128889/0941-7183888
15593068888/13893989902
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com