གཡང་ཊི་ནག་པོའི་རྐོ་བཟོ་ལག་རྩལ་རིམ་བཞིན་འཛམ་གླིང་ལ་ཁ་ཕྱོགས་པ།
ཐུབ་བསྟན་རྒྱ་མཚོ་དང(གཡས)ཁོའི་སློབ་མ་ཡིས་གཡང་ཊི་ནག་པོའི་སྐུ་འདྲ་རྐོ་བཞིན་པའི་ཚུལ།
གཡང་ཊི་ནག་པོ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི4500ཡན་གྱི་བྲག་རིའི་སྟེང་བྱུང་བ་དང་། མཐོ་སྒང་ན་མ་གཏོགས་མེད་པའི་རྡོའི་རྒྱུ་ཆ་ཞིག་ཡིན། མི་རབས་ལྔ་བའི་གཡང་ཊི་ནག་པོའི་རྐོ་བཟོ་ལག་རྩལ་གྱི་རྒྱུད་འཛིན་པ་ཡིན་པའི་ཆ་ནས། ཐུབ་བསྟན་རྒྱ་མཚོས་ཁྱིམ་རྒྱུད་གྱི་ལག་རྩལ་རྒྱུད་འཛིན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གནའ་བའི་ལག་རྩལ་འདི་མི་འཇིག་པར་ཧུར་བརྩོན་བྱེད་བཞིན་ཡོད།
གཡང་ཊི་ནག་པོའི་རྐོ་བཟོ་ལག་རྩལ2012ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐོར་བཞི་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཀར་ཆག་ཏུ་བཞག་པ་དང་། ད་ལྟ་ཐུབ་བསྟན་རྒྱ་མཚོར་སློབ་མ30ལྷག་ཙམ་ཡོད་ལ། གནའ་བོའི་གཡང་ཊི་ནག་པོའི་རྐོ་བཟོ་ལག་རྩལ་འདི་རྒྱུད་འཛིན་དང་དར་སྤེལ་བྱས་ཏེ་རིམ་བཞིན་འཛམ་གླིང་ལ་ཁ་ཕྱོགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com