སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་ཕུལ་བྱུང་སྒྱུ་རྩལ་རྣམ་གསུམ་ཧྥ་རན་སི་ནས་འགྲེམ་སྟོན་བྱས།

རྩོམ་པ་པོ།:ཚེ་དཔལ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2016-01-20 10:45:00 ཀློག་གྲངས།:

སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་ཕུལ་བྱུང་སྒྱུ་རྩལ་རྣམ་གསུམ་ཧྥ་རན་སི་ནས་འགྲེམ་སྟོན་བྱས།

     ཉེ་ལམ། སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་སྒྱུ་རྩལ་ཕུལ་བྱུང་རྣམ་གསུམ་གྱི་འགྲེམ་སྟོན་གཟའ་འཁོར་ཞེས་པ་ཧྥ་རན་སིའི་ཕེ་རེས་ཉེ་འགྲམ་གྱི《ཡོ་རོབ་སྐབས་དོན་ཚགས་པར》རིག་གནས་ལྟར་གནས་སུ་སྤེལ་མགོ་ཚུགས་ཤིང་ཧྥ་རན་སིའི་ཕྱི་སྡོད་ཀྲུང་གོའི་རང་མི་དང་ཀྲུང་གོའི་རིག་གནས་ལ་དགའ་བའི་ཧྥ་རན་སིའི་གྲོགས་པོ་ཚོའི་དགའ་བསུ་ཆེན་པོ་ཐོབ།
     སྐུ་འབུམ་བྱམས་པ་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་ལ། ཀྲུང་གོའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་དང་སྐད་གྲགས་ཆེ་བའི་རིག་གནས་ཤུལ་བཞག་ཅིག་ཡིན་པར་མ་ཟད། སྒྱུ་རྩལ་གྱི་གཙུག་ལག་ཁང་ཆེན་པོ་ཞིག་ཀྱང་ཡིན། མེ་ཏོག་མཆོད་པ་དང་གོས་དྲུབས། ལྡེབས་རིས་གསུམ་ནི་སྐུ་འབུམ་དགོན་པའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་གསུམ་དུ་ངོས་འཛིན་བྱེད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བའི་སྒྱུ་རྩལ་འདི་དག་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་ཡོད།
     སྐུ་འབུམ་དགོན་པའི་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་གཞོན་པ་བློ་བཟང་དབང་ཕྱུག་གིས་འགྲེམ་སྟོན་མཛད་སྒོའི་སྟེང་ཐེངས་འདིར་ཧྥ་རན་སི་ནས་ཕུལ་བྱུང་སྒྱུ་རྩལ་རྣམ་གསུམ་འགྲེམ་སྟོན་བྱས་ཏེ་བོད་མི་རིགས་ཀྱི་བློ་གྲོས་ལས་འཁྲུངས་པའི་རིག་གནས་སྒྱུར་རྩལ་འདི་དག་ཡོ་རོབ་ཀྱི་ལྟད་མོ་བར་སྐྱེས་སུ་ཕུལ་བ་ཡིན་ལ། འདིས་ལྟད་མོ་བར་ཁྱད་མཚར་གྱི་བོད་བརྒྱུད་ནང་བསྟན་རིག་གནས་ལ་ཉམས་ཞིབ་བྱས་ཏེ་མདོ་དབུས་མཐོ་སྒང་གི་གྲྭ་བཙུན་རྣམས་ཀྱིས་གསར་གཏོད་བྱས་པའི་ནང་བསྟན་རིག་གནས་ཉམས་སུ་མྱོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོད་ངེས་ཞེས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།