ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བ་དེ2015ལོའི་མཚོ་སྔོན་གྱི་གསར་འགྱུར་ཆེན་མོ་བཅུར་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-26 09:29:00 ཀློག་གྲངས།:
     ཉེ་ཆར། མཚོ་སྔོན་ཉིན་རེའི་ཚགས་པར་རྩོམ་སྒྲིག་ཁང་གིས2015ལོའི་མཚོ་སྔོན་གྱི་གསར་འགྱུར་ཆེན་མོ་བཅུ་བདམས་ཤིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྔོག་འདོན་བྱེད་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ཡང2015ལོའི་མཚོ་སྔོན་གྱི་གསར་འགྱུར་ཆེན་མོ་བཅུའི་གྲས་སུ་ཚུད་པ་རེད།
མཚོ་སྔོན་གྱིས“ལྔའི་འཆར་འགོད་བཅུ་གསུམ”དུ“གཅིག་གསུམ་གཅིག”སྤྱིའི་དགོངས་ཚུལ་བཏོན་པ།
     སྤྱི་ཟླ11པའི་ཚེས21ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅུ་བར《ཀྲུང་གུང་མཚོ་སྔོན་ཞིང་ཨུའི་འབྲེལ་ཡོད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྔའི་འཆར་འགོད་བཅུ་གསུམ་པའི་བསམ་འཆར་གཏན་འབེབས》ཞེས་པར་གྲོས་འཆམ་བྱུང་ཞིང་། “ལྔའི་འཆར་འགོད་བཅུ་གསུམ”དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་དགོངས་ཚུལ་བཏོན་པ་སྟེ། “དུས་མཉམ་གཅིག”མངོན་འགྱུར་དང་། “ཁུལ་གསུམ”འཛུགས་སྐྲུན། “སྒང་ས་གཅིག”བསྐྲུན་པ།
སྐྱེ་ཁམས་འཛུགས་སྐྲུན་གྱི་ཁྲིམས་ཐོག་མ་བཙུགས་ཏེ《ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མ་ལག་གི་ཚོད་ལྟའི་རྟེན་གཞིའི་ཐབས་ཇུས》ལ་གྲོས་འཆམ་བྱུང་བ།
     《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག》ཅེས་པ་དེ་སྤྱི་ཟླ3པའི་ཚེས1ཉིན་ལག་བསྟར་ཞིང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་གནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་ལུགས་ཐོག་མ་ཡིན་ལ། ཀོས་ཀྲུའུ་ཞིང་ཆེན་ལས་གཞན་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཉིས་པ་དེ་ཡིན།
     སྤྱི་ཟླ12པའི་ཚེས9ཉིན། ཀྲུང་དབྱང་ཕྱོགས་ཡོངས་གཏིང་ཟབ་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་པར《ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མ་ལག་གི་ཚོད་ལྟའི་རྟེན་གཞིའི་ཐབས་ཇུས》ལ་གྲོས་འཆམ་བྱུང་ཞིང་། འདིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་འགྲོས་མགྱོགས་མྱུར་དུ་གཏོང་བར་དགེ་མཚན་ཆེན་མོ་བསྐྲུན། སྤྱི་ཟླ12པའི་ཚེས11ཉིན། ཞིང་ཨུས་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་བསྡུས་ཏེ་ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཚོད་ལྟའི་རྟེན་གཞི་ལས་མགོ་རྩོམ་པར་བཀོད་སྒྲིག་གནང་།
ནན་གསུམ་རྣལ་གསུམ་ཞེས་པའི་ཆེད་དོན་སློབ་གསོ་དེ་ཞིང་ཆེན་ཡོངས་སུ་སྤེལ་བ།
     སྤྱི་ཟླ5བའི་ཚེས22ཉིན། ཞིང་ཨུས་ནན་གསུམ་རྣལ་གསུམ་ཞེས་པའི་ཆེད་དོན་སློབ་གསོའི་ཏང་གི་སློབ་ཁྲིད་ཀྱི་སྙན་ཞུ་གྲོས་ཚོགས་བསྡུས་པ་དེས་ཞིང་ཆེན་ཡོངས་སུ་ནན་གསུམ་རྣལ་གསུམ་ཞེས་པའི་ཆེད་དོན་སློབ་གསོ་དངོས་སུ་མགོ་བརྩམས་པ་མཚོན་ཞིང་། ཞིང་ཨུས་ནན་གསུམ་རྣལ་གསུམ་ཞེས་པའི་ཆེད་དོན་སློབ་གསོའི་ཁྲོད་ཀཱ་པུའུ་ལུང་སོགས་སྔོན་ཐོན་བློ་མཐུན་ལ་སློབ་སྦྱོང་བྱེད་པར་སྐུལ་ལ། རིགས་སོ་སོའི་ཏང་ཡོན་ལས་སྒྲུབ་པས་བློ་མཐུན་ཀཱ་པུའུ་ལུང་མིག་དཔེར་བཟུང་སྟེ་ནན་མིན་དང་རྣལ་མིན་གྱི་སྤྱོད་ཚུལ་འཚོལ་ཞིབ་སྒོས་ཆེད་དོན་སློབ་གསོ་སྤེལ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དེ་སྔའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ལེན་ཧྥུ་ཀྲང་ལ་དུས་རབས་ཀྱི་དཔེ་མཚོན་ཞེས་པའི་གཟེངས་རྟགས་གནང་། འདི་ནི་མཚོ་སྔོན་ཞིང་ཆེན་དུ་བྱ་དགའ་འདི་ཐོབ་པའི་མི་སྣ་ཐོག་མ་ཡིན།
མཚོ་སྔོན་ཞིང་ཆེན་གྱིས་དབུལ་གྲོལ་གྱི་འགག་རྫོང་གཏོར་བ།
     སྤྱི་ཟླ7པའི་ཚེས29ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དགུ་བར《ཀྲུང་གུང་མཚོ་སྔོན་ཞིང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དགུ་བའི་འབྲེལ་ཡོད་ཕྱོགས་ཡོངས་དབུལ་གྲོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་གྲོས་ཆོད》ལ་གྲོས་འཆམ་བྱུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་འབྲེལ་ཡོད་དབུལ་སྐྱོར་སྔོག་འདོན་གྱི་གཏམ་བཤད་གལ་ཆེན་གནང་བའི་སྙིང་སྟོབས་ལ་གཏིང་ཟབ་སློབ་སྦྱོང་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་འདོན་སྤེལ་སྒོས་མུ་མཐུད་དུ་བྱ་བའི་མ་ལག་གསར་སྐྲུན་དང་། ཕྱོགས་ཡོངས་དབུལ་གྲོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ལ། ལོ་གཅིག་དང་གཉིས་ཀྱི་སྔོན་དུ་ཕྱོགས་ཡོངས་དབུལ་གྲོལ་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་འབྱུང་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན། སྤྱི་ཟླ12པའི་ཚེས28ཉིན། ཞིང་ཨུའི་དབུལ་སྐྱོར་སྔོག་འདོན་བྱ་བའི་གྲོས་ཚོགས་གསལ་བར་བསྟན་ཞིང་། “ཆོག་གཅིག་བཞིའི”དབུལ་སྐྱོར་འགོག་གཏོར་བྱ་བ་རྒྱ་བསྐྱེད་ཞིབ་ཕྲར་བཏང་བ་དང་། ཐོན་སྐྱེད་འཕེལ་རྒྱས་དང་། ཕྱི་ཕྱོགས་སུ་ཞོར་ལས། སྐྱེ་ཁམས་ཁ་གསབ། རྒྱུ་དངོས་ཀྱི་ཁེ་ཕན་ཐོབ་པ། གཞན་ཡུལ་དུ་གནས་སྤོ། སློབ་གསོའི་གསབ་སྦྱོང་། སྤྱི་ཚོགས་འགན་སྲུང་། ནད་ཆེན་རོགས་སྐྱོབ་སོགས“ཆོག་གཅིག་བརྒྱད”ཀྱི་བཟོ་བཀོད་བཅས་ལག་བསྟར་བྱས།
ཁྱིམ་ཐོ་ལ་གྲོང་ཁྱེར་དང་གྲོང་སྡེའི་དབྱེ་བ་མེད་པ།
     《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར་མུ་མཐུད་དུ་གཏིང་ཟབ་སྒོས་སྤེལ་བ》ཞེས་པ2015ལོའི་སྤྱི་ཟླ1པོའི་ཚེས27ཉིན་ནས་ལག་བསྟར་བྱས་ཤིང་། བསམ་འཆར་འདིའི་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་སྤར་བའི་སྲིད་ཇུས་མུ་མཐུད་དུ་ལེགས་སྒྲིག་བྱ་རྒྱུ་ཡིན་ལ། གྲོང་ཁྱེར་དང་གྲོང་སྡེའི་ཁྱིམ་ཐོ་ཐོ་འགོད་ལམ་ལུགས་གཅིག་བསྡུས་དང་། ཕྱོགས་ཡོངས་ནས་གནས་སྡོད་ལག་འཁྱེར་ལམ་ལུགས་ལག་བསྟར་བྱེད། 2020ལོའི་བར། མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩའི་སྟེང་ཚད་ལྡན་དང་རིམ་པ་ཡོད་པའི་སྒོ་ནས་གསར་རྣམ་ཁྱིམ་ཐོ་ལམ་ལུགས་འཛུགས་རྒྱུ་ཡིན་ཞིང་། ནུས་པ་ཡོད་རྒུས་ཞིང་ལས་གཞན་སྤོར་མི་གྲངས་དང་གཞན་རྒྱུན་སྡོད་མི་གྲངས་བཅས་མི་གྲངས་ཁྲི40ཡས་མས་གྲོང་ཁྱེར་དང་གྲོང་རྡལ་དུ་ཁྱིམ་ཐོ་འགོད་པ་མངོན་འགྱུར་བྱེད་ལ། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཐོ་མི་གྲངས་གྲོང་དང་གྲོང་རྡལ་ཅན་དུ་བྱེད་ཚད50%ཡན་དུ་སླེབས་པར་བྱེད་པ་རེད།
མཐའ་མའི་གློག་མེད་མི་གྲངས་ཁྲི3.98ཀྱིས་གློག་སྤྱོད་ཐུབ་པ།
     སྤྱི་ཟླ12པའི་ཚེས23ཉིན་གྱི་ཆུ་ཚོད15:45སྟེང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དབྱིག་སྐེད་གྲོང་རྡལ་འབྲི་ཆུ་སྡེ་བ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་སྡེ་བ་ཞིག་ཏུ་གློག་གཏོང་བཟོ་བཀོད་གཅིག་འཐུས་གློག་འདོན་སྤྱོད་མགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མཐའ་མའི་གློག་མེད་དུད་ཁྱིམ9614དང་མི་གྲངས་ཁྲི3.98ཀྱིས་ཡོངས་སུ་གློག་སྤྱོད་ཐུབ་པ་བྱུང་ལ།  འདིས་རྒྱལ་ཁབ་ཀྱི“ལྔའི་འཆར་འགོད་བཅུ་གཉིས་པས”བཏོན་པའི“གློག་མེད་ས་ཁུལ་གྱི་མི་གྲངས་ཡོངས་ཀྱིས་གློག་སྤྱོད་ཐུབ་པར་བྱ་བའི”དམིགས་འབེན་དུས་ལྟར་མངོན་འགྱུར་བྱུང་བ་མཚོན།
མཚོ་སྔོན་གྱིས་འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྔོག་འདོན་བྱེད་པ།
     2013ལོར།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་གྱི་བྱ་བ་སྤེལ་མགོ་བརྩམས་ཤིང་། ཆེད་ལས་སྔོག་འདོན་རུ་དཔུང་གིས་ལོ་ངོ་གཉིས་ལྷག་གི་འབད་བརྩོན་བརྒྱུད།  མིག་སྔར།  ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གཞི་རྩའི་སྒྲིག་གཞི་དང་ལག་རྩལ་གཙོ་བོའི་དཀའ་གནད་སེལ། ལས་དོན་འདིས་མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྔོག་འདོན་བྱེད་པ་མཚོན་ཞིང་། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་། བོད་སྐད་ཡིག་བཀོལ་སྤྱོད་དང་ཁྱབ་གདལ་བྱེད་ཚད་མཐོར་འདེགས། མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཚུལ་འགྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་སུ་དགེ་མཚན་ཆེན་མོ་བསྐྲུན།
འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་སྤྱིའི་ཡུར་འདྲེན་ཕུག་ལམ་ལེགས་འགྲུབ་བྱུང་བ།
     ལོ་ངོ9ཡི་འབད་བརྩོན་བརྒྱུད།  མཚོ་སྔོན་ཞིང་ཆེན་གྱི“ཆུ་བེད་བཟོ་བཀོད་དང་པོ”སྟེ་འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་སྤྱིའི་ཡུར་འདྲེན་ཕུག་ལམ་དེ་སྤྱི་ཟླ6པའི་ཚེས30ཉིན་གྱི་ཆུ་ཚོད10:58སྟེང་ཡོངས་སུ་ཤར་གཏོང་བྱས། སྤྱི་ཟླ12པའི་ཚེས15ཉིན། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་སྤྱིའི་ཆུ་རྐ་དེ་བདེ་བླག་ངང་ཆུ་དྲངས་པ་རེད། དེས་ཆུ་རྒྱུན་འབབ་ཡུལ་ལས་བརྒལ་བའི་ཆུ་འདྲེན་ལས་གཞིའི་འགངས་ཆེན་རང་བཞིན་གྱི་ཚོད་འཛིན་བཟོ་བཀོད་ལ་ཐོད་བརྒལ་ཆེན་མོ་བྱུང་བ་མཚོན།
མཚོ་སྔོན་ཞིང་ཆེན་གྱིས་ཚྭ་མཚོའི་བ་ཚྭ་ཆུས་གློག་གཡིས་རིམ་པའི་ཐཱན་སྒྱུར་ལི་བླངས་པ།
     སྤྱི་ཟླ4བའི་ལོ་མགོར། “123”ཚན་རྩལ་འདེགས་རོགས་བཟོ་སྐྲུན་སོགས་ལས་གཞིའི་རམ་འདེགས་འོག   ནུབ་རྒྱུད་གཏེར་ལས་མཐུན་ཚོགས་མཚོ་སྔོན་ལི་རིགས་ཚད་ཡོད་འགན་འཁྲི་ཀུང་ཟིས་ཚྭ་མཚོ་རུ་ལི་ལེན་པའི་ཐད་ནས་ལག་རྩལ་གྱི་གྲ་སྒྲིག་ལེགས་འགྲུབ་བྱུང་ཞིང་། ཚྭ་མཚོའི་བ་ཚྭ་ཆུས་གློག་གཡིས་རིམ་པའི་ཐཱན་སྒྱུར་ལི་ལེན་པ་མངོན་འགྱུར་བྱུང་། འདིས་ཀྲུང་གོའི་ཐཱན་སྒྱུར་ལི་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་ནང་འདྲེན་ཁོ་ནར་བརྟེན་པའི་གནས་ཚུལ་ལ་འགྱུར་བ་བཏང་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལི་ཐོན་ལས་འབྲེལ་ཐག་སྔར་ལས་འཐུས་ཚང་དང་སྣ་མང་དུ་བཏང་།
ནུབ་བྱང་འོད་སྐུད་ཐོན་ལས་ལས་གཞི་ཐོག་མ་མགོ་བརྩམས་པ།
     སྤྱི་ཟླ4བའི་ཚེས21ཉིན། ཀྲུང་གོའི་འོད་སྐུད་ཐོན་ལས་ཁྲོད་འཁོར་སྐྱོད་དཔལ་འབྱོར་གྱི་རྣམ་པ་ལག་བསྟར་བྱེད་པའི་དཔེ་ཚུལ་ཐོག་མ་སྟེ། མཚོ་སྔོན་ཀྲུང་ལེ་འོད་སྐུད་དུས་སྐབས་དང་པོའི་ཏུན200ཡི་སྔོན་བཟོས་དབྱུ་གུ་དང་ལྕགས་སྐུད་ལས་གཞི་ཁ་ཤས་དེ་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་སྔོག་འདོན་ཁུལ་ཏུང་ཁྲོན་བཟོ་ལས་གླིང་དུ་བདེ་བླག་ངང་མགོ་བརྩམས། འདི་ནི་མཚོ་སྔོན་ཞིང་ཆེན་ཁོ་ན་མ་ཡིན་པར་ནུབ་བྱང་ས་ཁུལ་གྱི་འོད་སྐུད་ཐོན་ལས་ལས་གཞི་ཐོག་མ་དེ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱུ་ཆ་གསར་བའི་ཐོན་ལས་འབྲེལ་ཐག་འཐུས་ཚང་དང་། ཐོན་ལས་རུག་འདུས་ནུས་འབྲས་ཇེ་དྲག   ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཅས་ཀྱི་ཕན་ནུས་མངོན་གསལ་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།