བོད་ལྗོངས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་དུར་ཁྲོད་སྲུང་སྐྱོབ་བསྐྱར་བཅོས་ཀྱི་བཟོ་བཀོད་མགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-03-12 09:52:00 ཀློག་གྲངས།:
     ཉེ་ལམ། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་སྒོར་དུང་ཕྱུར4.9བཏང་སྟེ་ད་ལོ་ནས་བཟུང་ལོ་ལྔའི་རིང་བོད་ལྗོངས་ཁོངས་སུ་ཡོད་པའི་དུར་ཁྲོད156སྲུང་སྐྱོབ་དང་བསྐྱར་བཅོས་ལེགས་འགྲུབ་བྱ་རྒྱུ་ཡིན་ཞིང་། འདི་ནི་ད་ལྟའི་བར་བོད་ལྗོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་དུར་ཁྲོད་སྲུང་སྐྱོབ་བསྐྱར་བཅོས་ཀྱི་བཟོ་བཀོད་ཅིག་ཡིན་པ་དང་། དུར་ཁྲོད་རེར་བསྐྱར་བཅོས་མ་དངུལ་སྒོར་ཁྲི300ནས་ཁྲི500བར་ཡོད་ལ། ཚང་མ་གཅིག་མཚུངས་མིན།
     ལས་གཞི་ལག་བསྟར་འཆར་ཇུས་ལྟར་ན། དུར་ཁྲོད156ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མ་གཏོགས་པའི་གྲོང་ཁྱེར4དང་ས་ཁུལ2ཀྱི་རྫོང་ཡོངས་སུ་འབྲེལ་ཞིང་། ད་ལོར་བོད་ལྗོངས་ན་མིང་དུ་གྲགས་པའི་ལྷ་སའི་འབྲི་གུང་མཐིལ་དགོན་གྱི་དུར་ཁྲོད་འདུས་པའི་དུར་ཁྲོད47བསྐྱར་བཅོས་ལག་བསྟར་བྱེད་པ་དང་མ་དངུལ་སྒོར་དུང་ཕྱུར1.65གཏོང་བ་ཡིན།
    


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།