མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་བྱ་བ་བདེ་བླག་ངང་སྤེལ་བ།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ། འཐབ་སྒྲིལ་པུའུ་ཡི་པུའུ་ཀྲང་ཨ་དགེ་འདུན་གྱིས་གསོ་སྦྱོང་མཛད་སྒོའི་སྟེང་གཏམ་བཤད་སྤེལ་བཞིན་པ།
དོ་དམ་པའི་ཁོངས་མིས་གསོ་སྦྱོང་སློབ་ཁྲིད་ལ་ཉན་བཞིན་པ།
གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་ཡོངས་ཀྱི་མཉམ་པར་དྲན་རྟེན།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་པའི་དོ་དམ་འདུ་ཤེས་སྔར་ལས་ཇེ་དྲག་དང་། དོ་དམ་བྱེད་ཐབས་དེ་ཁྲིམས་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན། རྒྱུན་ལྡན་ཅན་དུ་འགྱུར་ཆེད། ཉེ་སྔོན། མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་བྱ་བ་དེ་མཚོ་ལྷོའི་གསོ་སྦྱོང་ལྟེ་གནས་སུ་བདེ་བླག་ངང་སྤེལ།
ཐེངས་འདིའི་གསོ་སྦྱོང་ལ་ཁུལ་ཡོངས་ཀྱི་རྫོང་ཁག་ལྔ་ནས་ཐོན་པའི་དགོན་སྡེའི་དོ་དམ་པའི་ཁོངས་མི93གསོ་སྦྱོང་ལ་ཞུགས། མཚོ་ལྷོ་ཁུལ་གྱི་དགོན་སྡེ་དོ་དམ་གྱི་གནས་བབ་དང་། དགོན་སྡེའི་ཁྲོད་གནས་པའི་གནད་དོན། དགོན་པའི་སྤྱི་ཚོགས་དོ་དམ་འདུ་ཤེས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་རྒྱུས་མངའ་ཡོད་པའི་མགོ་ཁྲིད་དང་། སློབ་གྲྭའི་དགེ་རྒན། དགེ་བའི་བཤེས་གཉེན། ཆེད་མཁས་པ་དག་གདན་དྲངས་ནས་དགོན་སྡེའི་བཅའ་ཡིག་དང་། དགོན་སྡེའི་སློབ་གསོ། རྩ་ཁྲིམས། ཁྲིམས་ལུགས་བཅས་ཐད་ནས་གསོ་སྦྱོང་བྱས།
དེ་མིན། གསོ་སྦྱོང་ལ་ཞུགས་པའི་སློབ་མར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྫོང་ཁག་སོ་སོས་འཐུས་ཚབ་པས་མ་འོངས་པའི་གྲྭ་བཙུན་གསོ་སྦྱོང་སྐོར་ནས་བསམ་འཆར་དང་གྲོས་གཞི་གང་ལེགས་བཏོན་པ་མ་ཟད། རྗེས་ཕྱོགས་དགོན་སྡེའི་སོ་སོ་ནས་དགོན་བདག་བླ་མའི་གསོ་སྦྱོང་དང་དགོན་སྡེའི་རྩིས་གཉེར་པའི་གསོ་སྦྱོང་བསྒྲུབ་རྒྱུའི་འཆར་གཞི་བཟོས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com