ལོ་རྒྱུས་སྙན་ངག་རིང་མོ་གེ་སར་རྒྱལ་པོའི་སྒྲུང་ཆུ་ཚོད་དྲུག་སྟོང་ལ་ཉེ་བ་སྒྲ་འཇུག་བྱས་ཟིན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2016-04-05 11:38:00 ཀློག་གྲངས།:

     དུས་ཡུན་རིང་པོའི་རིང་། རང་རྒྱལ་གྱི་སྲིད་གཞུང་ནས་འཛམ་གླིང་སྟེང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་གླིང་གེ་རྒྱལ་པོའི་སྒྲུང་སྲུང་སྐྱོང་དང་རྒྱུད་འཛིན་བྱ་རྒྱུའི་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་ད་ལྟའི་ཆར་སྒྲུང་པའི་གླིང་སྒྲུང་སྒྲ་ཕབ་ཆུ་ཚོད6000ལྷག་ཙམ་ཕབ་ལེན་བྱས་ཟིན་པ་དང་དེའི་ནང་གླིང་སྒྲུང་སྒྲུང་པ་བཅུ་ལྷག་གི་བརྩམས་བྱ100ལྷག་བསྡུས་ཡོད། པར་བསྐྲུན་བྱས་པའི་གླིང་སྒྲུང་གི་དམངས་ཁྲོད་ཀྱི་ལག་བྲིས་མ33དང་། གླིང་སྒྲུང་སྒྲུང་པའི་པར་མ55ཙམ་ཡོད།

     ཡུན་རིང་གེ་སར་རིག་གནས་སྲུང་སྐྱོང་ཐད་ཕྱག་ལས་གནང་མཁན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སོའོ་ཡི་འགན་འཁུར་བ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་། བོད་ལྗོངས་ཀྱིས་གླིང་སྒྲུང་གི་སྒྲུང་པ་འཚོལ་ཞིབ་བྱས་པ་མ་ཟད་སྒྲ་ཕབ་སྒྲིག་བཟོ་བྱེད་འགོ་ཚུགས་ཡོད་པ་རེད།
     གཞན་ཡང་ངོ་སྤྲོད་གནང་བར། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་བོད་ལྗོངས་ཀྱིས་སྒྲུང་པའི་གླིང་སྒྲུང་ལ་གཙོ་གནད་ཐོག་མྱུར་སྐྱོབ་གནང་བས་མིག་སྔའི་བར་སླེབས་དུས་རྒན་བསམ་གྲུབ་ཀྱིས་གསུངས་གནང་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་དེབ45དང་དེ་མིན་གྱི་དམངས་ཁྲོད་སྒྱུ་རྩལ་པས་གསུངས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་དེབ10བཅས་པར་བསྐྲུན་བྱས་ཟིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།