མཚོ་སྔོན་ཞིང་ཆེན་གྱིས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་པ61ལ་གསོ་སྐྱོང་སྦྱོང་བརྡར་བྱེད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བའི་འཕྲིན། དུས་ཚོད།:2016-04-12 10:11:00 ཀློག་གྲངས།:
     ཉེ་སྔོན། རིག་གནས་པུའུ་དང་སློབ་གསོ་པུའུ་ཡིས་གཙོ་གཉེར་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འགན་སྒྲུབ་གནང་བའི་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་ཐང་གའི་རྒྱུན་འཛིན་མི་ཚོགས་ཀྱི་མགོ་ལོག་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཉེར་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་རང་བཞིན་ལྡན་པའི་རྒྱུན་འཛིན་པ་དགེ་ཕྲུག་དང་ཐང་ག་འབྲི་རྩལ་ངེས་ཅན་ཡོད་པའི་དམངས་ཁྲོད་སྒྱུ་རྩལ་པ་དར་གཞོན61གིས་ཟླ་བ་གཅིག་རིང་གི་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ་རེད།
     ཐང་གའི་སྒྱུ་རྩལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རིགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིངཐང་ག་འབྲི་རྩལ་མགོ་ལོག་ཁུལ་དུ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་། སྒྱུ་རྩལ་པའི་དཔུང་སྡེ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཀྱང་རྒྱུན་ཆད་མེད་པར་མངོན་གསལ་དོད་པོར་འགྲོ་བཞིན་ཡོད། འོན་ཀྱང་ཐང་ག་སྒྱུ་རྩལ་པ་ཚོའི་རིག་གནས་བྱང་ཚད་དམའ་བ་དང་དེང་རབས་མཛེས་རྩལ་གྱི་རྨང་གཞིའི་ཤེས་བྱ་མི་འདང་བ་སོགས་ཀྱི་གནད་དོན་འབུར་ཐོན་ཡིན་པས། ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭས་སློབ་པ་དང་སྦྱོང་བ་གཉིས་ཟུང་འབྲེལ་དམ་པོ་བྱེད་པར་བརྟེན་ནས་ཐང་གའི་རྒྱུན་འཛིན་པའི་མི་ཚོགས་ཀྱི་སྒྱུ་རྩལ་བྱང་ཚད་དང་གསར་གཏོད་བྱེད་ནུས་མཐོར་འདེགས་བྱས་ནས་གསོ་སྐྱོང་སྦྱོང་བརྡར་བྱེད་མཁན་རྣམས་ཀྱི་མིག་རྒྱ་བསྐྱེད་དེ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།