མཚོ་སྔོན་ཞིང་ཆེན་རོང་འབྲོག་དམངས་ཀྱི་སླེ་གྲུག་འགྲན་བསྡུར་སྐབས་བཅུ་གསུམ་པ་སྤེལ་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2016-04-19 09:45:00 ཀློག་གྲངས།:
    མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ4བའི་ཚེས21ཉིན་ནས་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་རོང་འབྲོག་དམངས་ཀྱི་སླེ་གྲུག་འགྲན་བསྡུར་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་ནས་སྤེལ་རྒྱུ་ཡིན་པ་དང་། འཐུས་ཚབ་རུ་ཁག12ཀྱི་སླེ་གྲུག་ལུས་རྩལ་པ150ཡིས་ཛ་དྲག་གི་འགྲན་བསྡུར་བརྒྱུད་དེ་མཐའ་མའི་རྒྱལ་ཕམ་རྩོད་རྒྱུ་རེད།
     རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོ་དང་། ཟི་ལིང་གྲོང་ཁྱེར་གྱི་སྐུ་འབུམ་རྫོང་་དང་ཏ་ཐུང་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་གྲོ་ཚང་རྫོང་དང་བཀའ་མ་ལོག་རྫོང་། ཡ་རྫི་རྫོང་། བ་ཡན་རྫོང་བཅས་འཐུས་ཚབ་རུ་ཁག12ཀྱི་མི150སྐབས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
     སྐབས་འདིའི་སླེ་གྲུག་འགྲན་བསྡུར་གྱི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་ལྒང་རྒྱག་ལུས་རྩལ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཕྱོགས་མང་པོའི་ཐད་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྐོང་བ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལུས་སྦྱོང་སྤྲོ་སེམས་ཆེར་བསྐྱེད་པ། ཞིང་སྡེ་ནས་ལྒང་རྒྱག་ལུས་རྩལ་སྔར་ལས་ཁྱབ་གདལ་དུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་གི་འདུ་ཤེས་མཐོར་འདེགས་བྱེད་པ་བཅས་ཀྱི་ཆེད་རེད།
     མཚོ་སྔོན་ཞིང་ཆེན་རོང་འབྲོག་དམངས་ཀྱི་སླེ་གྲུག་འགྲན་བསྡུར་སྐབས་བཅུ་གསུམ་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་ཞིང་ཕྱུགས་ཐིན། མཚོ་ནུབ་ཁུལ་སྲིད་གཞུང་། ཞིང་ཆེན་རོང་འབྲོག་དམངས་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱེད་རྒྱུ་ཡིན་པ་དང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཞིང་ཆེན་སླེ་གྲུག་མཐུན་ཚོགས་གཉིས་ཀྱིས་འགན་ཁུར་ནས་བསྒྲུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།