ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཆུ་དམར་ལེབ་ཀྱི་རྒྱལ་ཁབ་རིམ་པའི་བརླན་ས་སྤྱི་གླིང་ཐོག་མ་འཛུགས་པར་ཆོག་མཆན་ཐོབ།
ཆུ་དམར་ལེབ་ཀྱི་རྒྱལ་ཁབ་རིམ་པའི་བརླན་ས་སྤྱི་གླིང་ཐོག་མ་འཛུགས་པར་ཆོག་མཆན་ཐོབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2016-04-20 10:21:00
ཀློག་གྲངས།:
ཉེ་ལམ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནས་རྒྱལ་ཁབ་རིམ་པའི་བརླན་ས་སྤྱི་གླིང་ཐོག་མ་འཛུགས་པར་རྒྱལ་ཁབ་ནགས་ལས་ཅུའུ་ཡི་ཆོག་མཆན་བཀོད།
བརླན་ས་ནི་རྒྱལ་ཁབ་ཀྱི་ཐོན་ཁུངས་དཀོན་པོ་དང་སྐྱེ་ཁམས་བར་སྟོང་གལ་ཆེན་ཞིག་ཡིན་པས། དེས་རྒྱལ་ཁབ་འཕེལ་རྒྱས་ཁྲོད་སྐྱེ་ཁམས་བདེ་འཇགས་ཀྱི་བྱེད་ནུས་མི་དམན་པ་བཏོན་ཡོད། གཙང་གསུམ་འབྱུང་ཡུལ་ན་གནས་པའི་མཚོ་བོད་མཐོ་སྒང་དང་། གཙང་བོའི་མགོ་ཁུངས་ཀྱི་ཆུའི་ཐོན་ཁུངས། ས་ཁོངས་སྐྱེ་ཁམས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ལས་འགན་འགངས་ཆེན་ཞིག་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ཆུ་དམར་ལེབ་རྫོང་གི་ནུབ་བྱང་མཚམས་ན་གནས་པའི་འབའ་དགོན་ཞང་བདེ་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི། འབྲི་ཆུའི་ཆུ་ལག་ཁྲོད་གནས་ཤིང་། ཆུ་དམར་ལེབ་རྫོང་དང་ཐ་ན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འགན་སྲུང་གལ་ཆེན་ཞིག་ཡིན་པས། ཐབས་ཇུས་གོ་གནས་གལ་ཆེན་ཟིན་ཡོད། བདེ་ཆུའི་མགོ་ཁུངས་ནི་མཚོ་སྔོན་གྱི་ཆུ་རྩ་གསོ་སྐྱོང་བྱེད་གནས་གལ་ཆེན་ཞིག་ཡིན་པ་དང་། བདེ་ཆུའི་སྨད་རྒྱུད་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཐད་ཐབས་ཇུས་དོན་སྙིང་གལ་ཆེན་ལྡན། ཕན་འབྲས་ལྡན་པའི་སྒོ་ནས་བདེ་ཆུའི་མགོ་ཁུངས་ཀྱི་བརླན་སའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་ལ་སྲུང་སྐྱོབ་བྱེད་པ། ས་ཁོངས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱེད་ཆེད། ཉིས་སྟོང་བཅོ་ལྔ་ལོར། ཆུ་དམར་ལེབ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཆུ་དམར་ལེབ་བདེ་ཆུའི་མགོ་ཁུངས་ནས་རྒྱལ་ཁབ་བརླན་ས་སྤྱི་གླིང་འཛུགས་རྒྱུར་ཐག་བཅད་པར་མ་ཟད། རྒྱལ་ཁབ་ནགས་ལས་ཅུའུ་རྟོག་ཞིབ་འཆར་འགོད་གླིང་གིས་སྤྱིའི་འཆར་འགོད་བྱེད་རྒྱུར་མངགས་བཅོལ་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།