ངོས་དང་པོ > སྐབས་དོན། > སྣ་ཚོགས། > 2016ལོའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་པའི་བརྡ་སྦྱོར།
2016ལོའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་པའི་བརྡ་སྦྱོར།
རྩོམ་པ་པོ།:མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོག
ཡོང་ཁུངས།:མཚོ་སྔོན་བོད་རིགས་དྲ་བ།
དུས་ཚོད།:2016-05-18 08:45:00
ཀློག་གྲངས།:
སྤྱི་ཟླ6པའི་ཚེས11ཉིན་ཏེ་གཟའ་སྤེན་པར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི་སྐབས་སུམ་ཅུ་བའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་ས་ཁུལ་ལྷོ་རི་གླིང་ག་རུ་སྤེལ་རྒྱུ་ཡིན་པས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་བོད་ཁམས་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ་དུས་ལྟར་ཕེབས་པར་དགའ་བསུ་ཞུའོ། །
མཉམ་འཇོག་བྱ་ཡུལ།
གཅིག དུས་ཆེན་བྱ་འགུལ་ལ་ཞུགས་པའི་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་བྱ་འགུལ་འགོ་ཁྲིད་ཚན་ཆུང་གི་བཀོད་འདོམས་ལ་བརྩི་སྲུང་བྱ་དགོས།
གཉིས། ལས་ཁུངས་སོ་སོ་དང་མི་སྒེར་གྱི་རས་གུར་གཏན་ཁེལ་གྱི་ས་གནས་སུ་ཕུབ་དགོས།
གསུམ། སྤྱི་ནོར་དང་གླིང་གའི་རྩྭ་རྩི་ཤིང་། ཁོར་ཡུག་སོགས་ལ་གཅེས་སྤྲས་བྱ་དགོས་ལ། གང་འདོད་དུ་ལྕགས་སྡོང་དང་ལྗོན་ཤིང་། གློག་སྡོང་། ཁང་ཐོག སྒེའུ་ཁུང་སྟེགས་བུ། གྱང་སྟེང་སོགས་སུ་མི་འཛེག་པར་མཁྱེན། འཚང་ཁ་མི་རྒྱག་པ།འུར་བརྒྱབ་ཟིང་སློང་མི་བྱེད་པ། ཆང་འཐུང་རྗེ་རླངས་འཁོར་མི་སྐོར་པ། རང་ཉིད་ཀྱི་བདེ་འཇགས་ལ་ཁག་ཐག་བྱེད་དགོས།
བཞི། རང་གི་རྒྱུ་ནོར་དང་ཁ་པར་དངོས་པོ་རྩ་ཆེན་དག་ལ་རང་གི་དོ་དམ་བཟང་པོ་བྱེད་དགོས། བོར་འཐོར་དང་ཉེ་ཁ་མི་འབྱུང་ཆེད་ཁྱིམ་བདག་གིས་རང་གི་བྱིས་པར་བདག་ཡག་པོ་བྱ་དགོས། བདག་མེད་དངོས་པོ་དང་དོག་གཞི་ཅན་གྱི་དངོས་པོ་མཐོང་ཚེ་དུས་ལྟར་ཡུལ་དངོས་ཀྱི་ལས་སྣ་བ་ལ་བཤད་རོགས།
ལྔ། ཡ་རབས་ཚུལ་ལྡན་དང་གུས་ཞབས་ལྡན་པ། མཐུན་སྒྲིལ་བྱེད་པ། གང་འདོད་དུ་དུ་སྣེ་མི་འཕེན་པ། ག་ས་གང་དུ་ཁ་ལུད་མི་གཏོར་བ། གང་འདོད་དུ་འགྱིག་ཁུག་མི་འཕེན་པ། བདེ་འཇགས་དང་མེ་འགོག་ལ་མཉམ་འཇོག་དགོས།
དྲུག ལས་ཁུངས་སོ་སོས་རང་ལས་ཁུངས་ཀྱི་མི་ལ་བདག་དོམ་བྱེད་རོགས། ཆང་འཐུང་རྗེ་དོན་དག་མི་བཟོ་པར་མཁྱེན།
བདུན། རླངས་འཁོར་ཡུལ་དངོས་ལས་བྱེད་མི་སྣས་བཀོད་སྒྲིག་ལྟར་འཇོག་དགོས།
བརྒྱད། མཚོན་ཆ་དང་རྫས་མདེལ། འབར་གས་སླ་བའི་ཉེན་ཁ་ཅན་གྱི་དངོས་རྫས་སོགས་ཚོགས་རའི་ནང་དུ་ཁྱེར་ཡོང་མི་ཆོག
དགུ བྱ་འགུལ་མཇུག་རྫོགས་རྗེས་ལས་ཁུངས་དང་མི་སྒེར་གྱིས་རང་གི་མཐའ་སྐོར་གྱི་གད་སྙིགས་གཙང་དག་བྱས་ནས་གླིང་གའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།
བཅུ། མང་ཚོགས་རང་བཞིན་གྱི་འབོར་ཆེན་བྱ་འགུལ་ལ་བར་ཆད་དང་གནོད་པ་བཟོ་མཁན་ཡོད་ཚེ་དུས་ལྟར་བཀག་འགོག་བྱེད་དགོས་ལ། ཁྲིམས་འགལ་བྱ་སྤྱོད་ཅན་མཐོང་ཚེ་མྱུར་དུ་བྱ་འགུལ་བྱ་བའི་ཚན་ཆུང་ལ་འབྲེལ་བྱེད་རོགས།
བཅུ་གཅིག བྱ་འགུལ་ཧྲུལ་བོར་དོག་གཞི་དང་མི་ཤེས་ས་གང་ཡོད་ན་བྱ་བའི་ཚན་ཆུང་གི་ལས་བྱེད་མི་སྣར་འབྲེལ་བ་བྱེད་རོགས།
འབྲེལ་གཏུག་བྱེད་ས། འཛམ་གླིང་།15209782901

ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སུམ་ཅུ་བའི་གཙོ་སྒྲུབ་ཚན་ཆུང་གིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།