ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་གསོ་རིག་སྐོར་གྱི་གནའ་གཞུང་རིགས1552ལྷག་འཚོལ་སྡུད་བྱས་པ།
མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་གསོ་རིག་སྐོར་གྱི་གནའ་གཞུང་རིགས1552ལྷག་འཚོལ་སྡུད་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2016-05-19 10:28:00
ཀློག་གྲངས།:
སྤྱི་ཟླ5ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ་ཞིབ་འཇུག་ཁང་དེས་ཞལ་འདེབས་སུ་ཕུལ་བ་དང་། ཉོ་སྒྲུབ། འདྲ་བཟོ། པར་ལེན། ངོ་བཤུ་སོགས་བྱེད་པའི་ཐབས་ལ་བརྟེན་ནས་བོད་ཀྱི་གསོ་རིག་སྐོར་གྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་རིགས1552ལྷག་འཚོལ་སྡུད་བྱས་པ་དང་། དེ་ཚོའི་ཁྲོད་ཀྱི་གནའ་གཞུང་ཁ་ཤས་ནི་སྔོག་འདོན་ཐེངས་དང་པོ་ཡིན་ཞིང་། གནའ་དཔེ་ཁ་ཤས་ནི་དཔེ་ཆ་ཆིག་རྐྱང་དང་། པར་རྒྱུན་ཆད་པ། ལོ་རྒྱུས་སྟེང་གི་སྐྱེས་ཆེན་དམ་པ་ཚོའི་ཕྱག་བྲིས་བཅས་ཡིན་པས་བོད་ཀྱི་གསོ་རིག་སྐོར་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། ནད་ཐོག་ཞིབ་འཇུག དེ་བཞིན་སྨན་རྫས་གསར་གཏོད་བཅས་བྱ་རྒྱུའི་གཞི་འཛིན་ས་གལ་ཆེན་རེད།
མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་ནི1983ལོར་དབུ་བརྙེས་ཤིང་། ཉེ་བའི་ལོ་འགའི་རིང་ཞིབ་འཇུག་ཁང་དེས་སྔ་རྟིང་དུ་མི100ལྷག་སྒྲིག་འཛུགས་བྱས་ཏེ་དབྱིན་ཇི་དང་། ཨ་མེ་རི་ཁ། དབྱི་ཐ་ལི། རྒྱ་གར། ནེ་པ་ལ། མོང་གོལ། ཨུ་རུ་སུ་སོགས་རྒྱལ་ཁབ10ལྷག་དང་། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཤིན་ཅང་། པེ་ཅིང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བོད་ཀྱི་གསོ་རིག་སྐོར་གྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པར་བསྐྱོད་ཅིང་། དེ་ནི་གོང་གསལ་དེ་དག་གི་ཡིག་ཚགས་ཁང་དང་། དགོན་སྡེ། སྨན་ཁང་། སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་སོགས་ཀྱི་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པས། འབྲེལ་གཏུག་དང་མཐུན་སྦྱོར་བྱས་པ་བརྒྱུད་བསྡོམས་པས་གསོ་རིག་སྐོར་གྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་རིགས1552འཚོལ་སྡུད་བྱེད་ཐུབ་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།