ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཟླ6པའི་ཚེས1ཉིན་ནས《ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》ལག་བསྟར་བྱས་པ།
ཟླ6པའི་ཚེས1ཉིན་ནས《ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》ལག་བསྟར་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2016-06-12 09:50:00
ཀློག་གྲངས།:
ཤེས་རྟོགས་བྱུང་གསལ། 《ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》སྤྱི་ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཤིང་། ཁྲིམས་འཛུགས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྔར་བས་སྔོག་འདོན་དང་སྲུང་སྐྱོབ་བྱེད་པའི་གོམ་པ་བརྟན་པོ་སྤོས་པ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་དྲུང་ཆེ་ཀྲང་ཧུའེ་ཡིས་ལྷ་ས་གྲོང་ཁྱེར་ལ་ཁྱོན་རྫོང(ཆུས)8དང་། ཤང་གྲོང57གྲོང་ཚོ(གྲོང་མི)ཨུ་ལྷན267རང་བྱུང་གྲོང་ཚོ1123བཅས་ཡོད། གྲོང་ཚོ་དེ་དག་ལ་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཆ་འཕྲིན་ལྡན་ནས་དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་རྣམ་པ་དང་། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཀྱི་ནང་དོན་ལྡན་ནས་ས་གནས་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་དང་། རིག་གནས་ཀྱི་གཞི་རྩ། མི་རིགས་ཀྱི་སྲོལ་རྒྱུན་བཅས་གཅིག་ཏུ་བསྡུས་པ་མངོན་ཡོད་མོད། འོན་ཀྱང་གྲོང་ཁྱེར་དང་གྲོང་རྡལ་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་འགྲོ་བ་དང་བསྟུན་ནས་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་འགལ་ཟླ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཏེ་གནའ་བོའི་གྲོང་སྡེ་ཁག་གཅིག་སྲུང་སྐྱོབ་ཚོད་འཛིན་བྱེད་པའི་རྣམ་པར་གནས་ནས་མྱུར་སྐྱོབ་རང་བཞིན་གྱི་ཉམས་བཟོ་བྱས་མེད་པའི་ཁར་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པའི་དབང་གིས་ལོ་རྒྱུས་ཀྱི་སྐྲུན་དངོས་དང་། སྲོལ་རྒྱུན་གྱི་རྣམ་པ་མང་པོར་གཏོར་སྐྱོན་ཕོག་ཡོད། དེར་བརྟེན་ཁྲིམས་འཛུགས་ལ་བརྟེན་ནས་གནའ་བོའི་གྲོང་སྡེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྔར་བས་སྔོག་འདོན་དང་སྲུང་སྐྱོབ་བྱེད་དགོས་ངེས་རེད་ཅེས་བཤད།
《ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》ལག་བསྟར་བྱས་པ་དེས་གནའ་བོའི་གྲོང་སྡེའི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།