2016ལོའི་འཛམ་གླིང་རྟགས་མའི་ཆུར་གཡེང་འགྲན་སྡུར་ཡུལ་ཤུལ་དུ་སྤེལ་བ།
2016ལོའི་འཛམ་གླིང་རྟགས་མའི་ཆུར་གཡེང་འགྲན་སྡུར་ཡུལ་ཤུལ་དུ་སྤེལ་བ།
ཆུར་གཡེང་འགྲན་བསྡུར་བྱེད་བཞིན་པ།
ཆུར་གཡེང་འགྲན་བསྡུར་བྱེད་བཞིན་པ།
བྱ་དགའ་ཐོབ་དུས་ཀྱི་རྣམ་པ།
བྱ་དགའ་ཐོབ་པའི་རུ་ཁག
སྤྱི་ཟླ7པའི་ཚེས21ཉིན། 2016ལོའི་འཛམ་གླིང་རྟགས་མའི་ཆུར་གཡེང་འགྲན་སྡུར་དེ་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་སྤེལ་ཞིང་། དེར་རྒྱལ་ཁབ་དང་ས་ཁུལ16ནས་ཡོང་བའི་ཆུར་གཡེར་ལུས་རྩལ་པ100ལྷག་ཞུགས་ཏེ་ཉིན་གསུམ་ལ་འགྲན་བསྡུར་བྱས།
ཉིན་གསུམ་གྱི་འགྲན་བསྡུར་བརྒྱུད། སྐྱེས་པའི་མྱུར་ཚད་འགྲན་སྡུར་ཁྲོད། ཅེ་ཁི་རྒྱལ་ཁབ་ཀྱི་སྐྱེས་པའི་རུ་ཁག་ལ་ཨང་དང་པོ་དང་། ཉིའུ་ཟེ་ལན་གྱི་འགྲན་ཞུགས་པར་ཨང་གཉིས་པ་ཐོབ། སྐྱེས་མའི་མྱུར་ཚད་འགྲན་སྡུར་ཁྲོད། ཧོ་ལན་རུ་ཁག་ལ་ཨང་དང་པོ་དང་། ཉིའུ་ཟེ་ལན་དང་ཁོ་སུ་ཐཱ་རེ་ཁཱ་གཉིས་སོ་སོར་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། སྐྱེས་པའི་གཤིབ་འགྲན་ཁྲོད། ཅེ་ཁིའི་རུ་ཁག་དང་པོར་ཨང་དང་པོ་དང་། ཨུ་རུ་སུ་ལ་ཨང་གཉིས་པ། ཉིའུ་ཟེ་ལན་ལ་ཨང་གསུམ་པ་ཐོབ། སྐྱེས་མའི་གཤིབ་འགྲན་ཁྲོད། ཉིའུ་ཟེ་ལན་ལ་ཨང་དང་པོ་དང་། ཧོ་ལན་ལ་ཨང་གཉིས་པ། ཁོ་སུ་ཐཱ་རེ་ཁཱ་ལ་ཨང་གསུམ་པ་ཐོབ། གེགས་ལྡན་འགྲན་སྡུར་གྱི་སྐྱེས་པའི་རུ་ཁག་ཁྲོད། ཅེ་ཁིའི་རུ་ཁག་དང་པོར་ཨང་དང་པོ་དང་། ཨུ་རུ་སུ་དང་ཉིའུ་ཟེ་ལན་གཉིས་སོ་སོར་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། གེགས་ལྡན་འགྲན་སྡུར་གྱི་སྐྱེས་མའི་རུ་ཁག་ཁྲོད། ཉིའུ་ཟེ་ལན་ལ་ཨང་དང་པོ་དང་ཧོ་ལན་ལ་ཨང་གཉིས་པ་ཐོབ། ཀྲུང་གོའི་སྐྱེས་མའི་རུ་ཁག་ལ་ཨང་གསུམ་པ་ཐོབ། སྐྱེས་པའི་རིང་འགྲན་ཁྲོད། ཨུ་རུ་སུའི་རུ་ཁག་དང་ཅེ་ཁིའི་རུ་ཁག་དང་པོ་གཉིས་སོ་སོར་ཨང་དང་པོ་དང་ཨང་གཉིས་པ་ཐོབ། ཉིའུ་ཟེ་ལན་ལ་ཨང་གསུམ་པ་ཐོབ། སྐྱེས་མའི་རིང་འགྲན་ཁྲོད། ཁོ་སུ་ཐཱ་རེ་ཁཱ་དང་ཧོ་ལན་རུ་ཁག་གཉིས་སོ་སོར་ཨང་དང་པོ་དང་གཉིས་པ་དང་། ཉིའུ་ཟེ་ལན་ལ་ཨང་གསུམ་པ་ཐོབ། ཀྲུང་གོའི་སྐྱེས་མའི་རུ་ཁག་ལ་ཨང་བཞི་བ་བཅས་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com