གསེར་ཆེན་རྫོང་གིས་བླ་མཚོ་རྟགས་མའི་རྟ་རྒྱུག་དུས་ཆེན་དང་མི་རིགས་ཟས་རིགས་འགྲེམ་སྟོན་བྱ་འགུལ་སྤེལ།
བླ་མཚོ་རྟགས་མའི་རྟ་རྒྱུག་དུས་ཆེན་དང་མི་རིགས་ཟས་རིགས་འགྲེམ་སྟོན་བྱ་འགུལ་དངོས་སུ་མགོ་བརྩམས་པ།
རྟ་རྒྱུག་པའི་ཁྱུ་ཚོགས།
བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ།
འགོ་ཁྲིད་དང་མང་ཚོགས།
པི་ཝང་དཀྲོལ་བ།
པི་ཝང་དཀྲོལ་བ།
རྒྱན་ཆས་འཁྲབ་སྟོན།
རྒྱན་ཆས་འཁྲབ་སྟོན།
ཟས་རིགས་འཁྲབ་སྟོན།
སྤྱི་ཟླ8པའི་ཚེས1ནས་ཚེས3བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གིས་སྐབས་བཅུ་གཉིས་པའི་བླ་མཚོ་རྟགས་མའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གསར་འཛུགས་བྱེད་པའི་རྟ་རྒྱུག་དུས་ཆེན་དང་མི་རིགས་ཟས་རིགས་འགྲེམ་སྟོན་བྱ་འགུལ་དེ་མཚོ་སྔོན་པོའི་འགྲམ་དུ་སྤེལ་ཞིང་། ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དག་མཛད་སྒོར་ཞུགས་ལ། ཡུལ་དངོས་མང་ཚོགས་ཀྱི་འདུ་འཛི་ཤིན་ཏུ་རྒྱས།
རྟ་རྒྱུག
རྟ་རྒྱུག
རྟ་རྒྱུག
ཐེངས་འདིའི་ལུས་རྩལ་འགྲན་བསྡུར་ཁྲོད། གསེར་ཆེན་རྫོང་གིས་མང་ཚོགས་རྩ་འཛུགས་བྱས་ཏེ་རྟ་རྒྱུག་དང་གཡག་རྒྱུག ཐག་འཐེན། སྒྱེ་འགྱོགས། གླང་ཆེན་ས་གཤགས། མི་ལྔའི་རྣམ་པའི་རྩྭ་ཐང་རྐང་གྲུག་འགྲན་བསྡུར་སོགས་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་མང་པོ་འདུས། རིག་གནས་ལུས་རྩལ་འཕེལ་རྒྱས་སུ་གཏོང་བ་དང་ཆབས་ཅིག རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ལ་ཕན་ཚུན་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་བསྐྲུན་ཏེ་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
ཟས་རིགས་འགྲེམ་སྟོན་ཁུལ།
འགོ་ཁྲིད་རྣམས་ཟས་རིགས་འགྲེམ་སྟོན་ལ་གཟིགས་ཞིབ་ཏུ་བསྐྱོད་པ།
འགོ་ཁྲིད་ཀྱིས་ཟས་རིགས་འགྲེམ་སྟོན་ལ་གཟིགས་ཞིབ་བྱེད་པ།
འགོ་ཁྲིད་ཀྱིས་ཟས་རིགས་འགྲེམ་སྟོན་ལ་གཟིགས་ཞིབ་བྱེད་པ།
མཐོ་སྒང་གི་མི་རིགས་ཟས་རིགས་འགྲེམ་སྟོན་ཁྲོད། གསེར་ཆེན་རྫོང་གིས་རྫོང་ཁོངས་ཀྱི་ཟས་རིགས་ཁེ་ལས་དང་མི་སྒེར་ལས་གཉེར་བ100ལྷག་གདན་འདྲེན་དང་རྩ་འཛུགས་སྒོས་ཟས་རིགས་ལག་རྩལ་འགྲན་བསྡུར་དང་། མི་རིགས་ཀྱི་ཞིམ་མངར་ཟས་རིགས། ས་གནས་ཀྱི་ཁྱད་ལྡན་ཟས་རིགས་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་ཞིང་། ཡུལ་དངོས་སུ་གཅིག་སྡུད་འགྲེམ་སྟོན་དང་། ལུག་ཤ་དང་སྐམས་ཤ ཉ་ཤ་སོགས་དང་། དེ་མིན་རྩམ་པ་དང་། ཞོ། འོ་མ། གོ་རེ་སོགས་ཟས་རིགས་སྣ་ཚོགས་འདུས།
བྱ་འགུལ་གྱི་སྐབས་སུ། ད་དུང་མི་རིགས་ཁྱད་ལྡན་སྦྲ་གུར་འགྲན་བསྡུར་དང་། གླུ་གར་འགྲན་བསྡུར། དམངས་གླུ་འགྲན་བསྡུར་སོགས་མཐོ་སྒང་མི་རིགས་ཀྱི་རིག་གནས་གསོལ་སྟོན་གྱ་ནོམ་པ་གནང་།
གསེར་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་སྐུལ་སྔོན་ཐོན་ཁུལ་གསར་འཛུགས་ལ་སྐུལ་འདེད་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་དང་མི་རིགས་ལུས་རྩལ་ལས་དོན་བདེ་ཐང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ། མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཁྱད་འཕགས་ཐོན་ཁུངས་དྲིལ་སྒྲོག་བཅས་ལ་དགེ་མཚན་རབ་ཏུ་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com