གམ་པ་རྫོང་གླིང་དཀར་གྲོང་ཚོས་སོ་ནམ་ལོ་གསར་དགའ་གཏོང་བྱེད།
གྲོང་མི་རྣམས་འཁྲུག་ཆ་དོད་པའི་སྒོ་རའི་ནང་གྲལ་གྱི་བཞུགས་པ།
གླིང་དཀར་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་ལུང་ཤང་དུ་ཆགས་ཡོད་པའི་མཐའ་མཚམས་ཀྱི་ས་མ་འབྲོག་གྲོང་ཚོ་ཞིག་རེད་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི4500ཙམ་ཡོད། གྲོང་ཚོ་འདི་ནི་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་འོག་འཕེལ་རྒྱས་མྱུར་པོར་འགྲོ་བཞིན་པའི་སྔོན་ཐོན་གྲོང་ཚོ་ཞིག་ཡིན། འདི་ལོའི་སོ་ནམ་ལོ་གསར་གྱི་ཚེས་བཞི་ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་གྲོང་ཚོའི་མང་ཚོགས་རྣམས་ཀྱི་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་སྤྲོའི་ངང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་མཉམ་འཛོམས་གྱིས་སྒོ་ནས་འཁྲུག་ཆ་དོད་པའི་ཞབས་བྲོ་འཁྲབ་པ་དང་སྙན་པའི་ཆང་གཞས་ལེན་པ་ད་དུང་ཐག་པ་འཐེན་པ་དང་བང་རྒྱུགས་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དགའ་སྤྲོའི་ངང་ནས་སོ་ནམ་ལོ་གསར་དགའ་གཏོང་བྱས་ཡོད།
ལོ་གསར་རྣམས་པའི་ཡོངས་སུ་ཁེངས་པའི་གྲོང་ཚོའི་ཟུར་ཞིག
འཁྲུག་ཆ་དོད་པའི་སྟོད་གཞས་འཁྲབ་བཞིན་པ།
ཐག་འཐེན་འགྲན་བསྡུར།
ཕན་ཚུན་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com