གློག་བརྙན《བདེ་ལྡན་གྱི་ཞིང་བཟང》ཞེས་པར་ཝུན་ཀི་ཧྭའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཐོབ།
བོད་རིགས་དངོས་བྲིས་གློག་བརྙན《བདེ་ལྡན་གྱི་ཞིང་བཟང》ཞེས་པར་ཝུན་ཀི་ཧྭའི་རྒྱ་སྐད་གློག་བརྙན་དུས་ཆེན་གྱི་
ཕུལ་བྱུང་དངོས་བྲིས་གློག་བརྙན་གྱི་བྱ་དགའ་ཐོབ།
ཉེ་ལམ། བོད་རིགས་ཀྱི་དངོས་བྲིས་གློག་བརྙན《བདེ་ལྡན་གྱི་ཞིང་བཟང》ཞེས་པ་སྐབས་ལྔ་བའི་ཝུན་ཀི་ཧྭའི་རྒྱ་སྐད་གློག་བརྙན་དུས་ཆེན་གྱི“གཡའ་ལོ་དམར་པོའི”ཕུལ་བྱུང་དངོས་བྲིས་གློག་བརྙན་གྱི་བྱ་དགའ་ཐོབ་པ་མ་ཟད། གློག་བརྙན་དུས་ཆེན་དངོས་བྲིས་གློག་བརྙན་གྱི་སྡེ་ཚན་ཁྲོད་ཕུལ་བྱུང་དངོས་བྲིས་གློག་བརྙན་གྱི་བྱ་དགའ་ཐོབ་སྟེ། བོད་ལྗོངས་ཀྱི་ཆེས་ཐོག་མའི་ས་གནས་དཔུང་སྡེས་གསར་སྐྲུན་དང་ས་གནས་འཁྲབ་ཁྲིད་པས་འཁྲབ་ཁྲིད་བྱས་ཤིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་བྱ་དགའ་ཐོབ་པའི་དངོས་བྲིས་གློག་བརྙན་ཞིག་སྟེ། གློག་བརྙན་འདི་ནི་བོད་ལྗོངས་ཀྱི་འཁྲབ་ཁྲིད་པ་སྐལ་བཟང་ཉི་མ་དང་ཡེ་ཅོན་གཉིས་ཀྱིས་མཉམ་འབྲེལ་སྒོས་འཁྲབ་ཁྲིད་གནང་བ་ཡིན།
གློག་བརྙན་འདི་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ། རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་མཉམ་འབྲེལ་སྒོས་ཕབ་བསྐྲུན་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་དང་། བོད་ལྗོངས་བརྙན་རིས་འཕེལ་རྒྱས་ཚད་ཡོད་ཀུང་ཟི། བོད་ལྗོངས་བདེ་ལྡན་བརྙན་རིས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་མཉམ་འབྲེལ་སྒོས་འགྲེམ་སྤེལ་གནང་།
གློག་བརྙན་འདི་ནི་མྱང་ཆུའི་འགྲམ་རྒྱུད་ལྷོ་མ་སྡེ་བའི་སྡེ་དཔོན་པ་སངས་བུ་ཁྲིད་དང་དུད་ཁྱིམ་གསུམ་ལ་དུས་ཡུན་ལོ་གཉིས་རིང་བསྟུད་མར་ཕབ་བསྐྲུན་བྱས་ཏེ། དཔྱིད་རྨོ་དང་། འོང་སྐོར་དུས་ཆེན། སྟོན་བསྡུ། གཡུལ་གཅོག གཞིས་ཀ་རྩེའི་རྨོ་འདེབས་ལོ་སར་སོགས་བསྟན་ཞིང་། གཟིགས་མོ་བ་རྣམས་ལ་མྱང་ཆུའི་འགྲམ་རྒྱུད་ཀྱི་ལོ་ངོ་སྟོང་ཕྲག་དུ་མར་བརྒྱུད་པའི་རྨོ་འདེབས་རིག་གནས་མངོན་པར་དོད་ཡོད། ཧ་ལམ་སྤྱི་ཟླ9བའི་ཟླ་མཇུག་ཏུ་ལྷ་སར་ཐོག་མར་སྟོན་རྒྱུ་དང་སྤྱི་ཟླ10བར་རྒྱལ་ཁབ་ཕྱི་ནང་དུ་སྟོན་འཆར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com