མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བསྡུ་ལ་ཉེ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་ཚགས་པར། དུས་ཚོད།:2017-08-04 09:36:00 ཀློག་གྲངས།:
     སྤྱི་ཟླ8པའི་ཚེས14ཉིན་ནས་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་བསྡུ་རྒྱུ་རེད།
     ཐེངས་འདིའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སུ་ཁྱོན་བསྡོམས་མི་གྲངས1500ཞུགས་ཡོདཅིང། ཐེངས་སྔོན་མ་ལས་མི300ལྷག་ཙམ་གྱིས་མང་དུ་ཕྱིན་ཡོད།
     འགྲན་ཚན་བཀོད་སྒྲིག་ལ། གཟེབ་གྲུག་དང་། རྐང་རྩེད་སྤོ་ལོ། དྲག་རྩལ། གླང་ཆེན་ས་བཤགས། ཐག་འཐེན། ས་སྒྱེ་འདེགས་པ། གྲངས་ཉུང་མི་རིགས་ཀྱི་མདའ་འཕེན་པ། གྲངས་ཉུང་མི་རིགས་ཀྱི་སྦེ་ག རྟ་རྩལ། གཡག་རྒྱུག་བཅས་འགྲན་ཚན་རྣམ་གྲངས10དང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འཁྲབ་སྟོན་འགྲན་ཚན་གཅིག་བཅས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།