2017ལོའི་ཕྱི་རྒྱལ་གྱི་ཕྱི་འགྲིམ་སློབ་མས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་ལ་ལྟ་སྐྱོང་གནང་བ།
2017ལོའི་ཕྱི་རྒྱལ་གྱི་ཕྱི་འགྲིམ་སློབ་མ་ཀྲུང་གོའི་ནུབ་རྒྱུད་དུ་བསྐྱོད་པའི་བྱ་འགུལ་དེ་མཚོ་ལྷོ་ཁུལ་དུ་འབྱོར་ཏེ་
ཡོངས་འཛིན་བོད་ཡིག་འཚོལ་བཤེར་ལ་ལྟ་སྐྱོང་གནང་བ།
2017ལོའི་ཕྱི་རྒྱལ་གྱི་ཕྱི་འགྲིམ་སློབ་མ་ཀྲུང་གོའི་ནུབ་རྒྱུད་དུ་བསྐྱོད་པའི་བྱ་འགུལ་དེ་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། སྤྱི་ཟླ8པའི་ཚེས8ཉིན། མོ་སི་ཁོ་དང་། ཏེན་མག ཕ་ཁི་སི་ཐན། ཉི་ཧོང་། ཁོ་རེ་ཡ་སོགས་རྒྱལ་ཁབ་ཀྱི་ཆིན་ཧྭ་སློབ་ཆེན་གྱི་ཕྱི་འགྲིམ་སློབ་མ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ཡོངས་འཛིན་འཚོལ་བཤེར་ཐད་ལྟ་སྐྱོང་དང་སློབ་སྦྱོང་བྱས།
ཡོངས་འཛིན་གྱི་ལས་སྒྲུབ་མི་སྣར་འབྲེལ་འདྲིས་བྱེད་པ།
ཕྱི་འགྲིམ་སློབ་མའི་རུ་ཁག་རིམ་བཞིན་དཔེ་མཛོད་ཁང་དང་ཆ་འཕྲིན་ལྟེ་གནས་རྩོམ་སྒྲིག་ཁག གྲངས་མཛོད་ལྟེ་གནས་སོགས་སུ་གཟིགས་ཞིབ་བྱས་ལ། དེར་མཐུད་དེ་ཡོངས་འཛིན་འཚོལ་བཤེར་གྱི་སྤྱོད་ནུས་འགྲེམ་སྟོན་ལ་གཟིགས་ཏེ་ཡོངས་འཛིན་འཚོལ་བཤེར་གྱི་ཁྱད་ཆོས་དང་སྤྱོད་ནུས་ཐད་རྒྱུས་ལོན་ཟབ་མོ་གནང་བ་མ་ཟད་འབྲེལ་ཡོད་མི་སྣར་འབྲེལ་འདྲིས་གཏིང་ཟབ་སྒོས་ཡོངས་འཛིན་འཚོལ་བཤེར་གྱི་ལག་རྩལ་གཙོ་བོ་དང་གསར་སྐྲུན་བརྒྱུད་རིམ། འཁོར་བསྐྱོད་གནས་བབ་སོགས་ལ་སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་བྱས།
ཡུལ་དངོས་འབྲེལ་འདྲིས་བྱེད་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com