2017ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་རྐྱལ་འགྲན་བསྡུར་སྐབས་བཅུ་གསུམ་པ་ཞུན་ཧྭ་རུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-09 09:48:00 ཀློག་གྲངས།:



2017ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་རྐྱལ་འགྲན་བསྡུར་སྐབས་བཅུ་གསུམ་པ་ཞུན་ཧྭ་རུ་སྤེལ་བ།

     སྤྱི་ཟླ8པའི་ཚེས5ཉིན། 2017ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་རྐྱལ་འགྲན་བསྡུར་སྐབས་བཅུ་གསུམ་པ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནས་སྤེལ་ཞིང། དབྱིན་ཇི་དང་ཨ་མེ་རི་ཁ། འཁྱག་གླིང་། ཁ་ན་ཏ། འཇར་མན། ཨུ་རུ་སུ། ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ16གི་འཐུས་ཚབ་རུ་ཁག36ཡི་ལུས་རྩལ་པ200ལྷག་ཐེངས་འདིའི་རྨ་ཆུར་འཕྲེད་རྐྱལ་འགྲན་བསྡུར་ལ་ཞུགས།


མཛད་སྒོའི་སྟེང་གདན་འདྲེན་ཞུས་པའི་གླུ་བ་གླུ་མ་དག

     ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུར་རྐྱལ་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོའི་ཆུར་རྐྱལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་པེ་ཅིང་ཅིང་ཧྲི་ཏའེ་ལུས་རྩལ་རིག་གནས་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་སྒོས་འགན་སྒྲུབ་གནང་།


རྨ་ཆུར་འཕྲེད་རྐྱལ་གྱི་འགྲན་ཞུགས་པ།

     མགོ་རྩོམ་མཛད་སྒོའི་སྟེང་། མཚོ་ཤར་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལི་ཆིང་ཁྲོན་གྱིས་ཤིས་ཚིག་ཁྲོད་གསུངས་དོན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་རྐྱལ་འགྲན་བསྡུར་ནི་མཐོ་སྒང་གི་ས་ཆར་སྤེལ་བའི་རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོ་ཞིག་ཡིན་ལ། མཚོ་སྔོན་ལ་གཏོགས་པ་མ་ཟད་ཀྲུང་གོ་ལའང་གཏོགས་ཤིང་འཛམ་གླིང་ལ་ལྷག་ཏུ་གཏོགས། འདི་ནི་ས་གནས་ཀྱི་ཁྱད་ཆོས་དོད་པོའི་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་མཚན་རྟགས་ཤིག་ཏུ་གྱུར་བ་མ་ཟད། འཛམ་གླིང་མི་དམངས་ལ་མཛེས་སྡུག་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་ཁྱད་ལྡན་གྱི་སྐྱེ་ཁམས་རིན་ཐང་ངོམ་པ་དང་། མཚོ་སྔོན་དང་མཚོ་ཤར་གྱི་འཕེལ་རྒྱས་ཆེན་མོའི་འབྲས་བུ་དང་མི་རིགས་ཀྱི་རིག་གནས། དེ་མིན་མཐོ་སྒང་མི་དམངས་ཀྱི་ངལ་རྩལ་དང་སྙིང་རུས། རློམ་སེམས་ཆེ་བའི་བརྩེ་སེམས་ཡོངས་སུ་ངོམ་ཡོད།


རྨ་ཆུར་རྐྱལ་བཞིན་པ།

     མཛད་སྒོའི་སྟེང་། རིག་རྩལ་འཁྲབ་སྟོན་སྤེལ་ཏེ། གདུགས་དཀར་ཡག་སོགས་མིང་དུ་གྲགས་པའི་གླུ་བ་གླུ་མ་གང་མང་གདན་འདྲེན་ཞུས་ཡོད་ཅིང་། ཕྱི་དྲོར་རྨ་ཆུར་རྐྱལ་བའི་ལུས་རྩལ་དངོས་སུ་མགོ་བརྩམས་པ་དང་། ཚེས6གི་ཉིན་རྟིང་རྩོད་དང་བྱ་དགའ་གནང་བའི་མཛད་སྒོ་བསྡུས། འགྲན་བསྡུར་འདིར་འཕྲེད་རྐྱལ་ལེགས་འགྲུབ་བྱ་དགའ་དང་། མི་སྒེར་བྱ་དགའ། ཐུན་མོང་བྱ་དགའ། ཆེས་མཐོའི་བྱ་དགའ་སྒོར10000བཅས་སུ་དབྱེ།


བྱ་དགའ་གནང་བ།

     དེ་མིན་ད་དུང་དགོང་ཚོགས་དང་། པར་རིས་འགྲེམ་སྲོན། བོད་རིགས་ཀྱི་སྐོར་བྲོ་འཁྲབ་སྟོན། ཞུན་ཧྭའི་ཟས་རིགས་འགྲེམ་སྟོན་སོགས་རྣམ་པ་མང་པོའི་རིག་གནས་ལུས་རྩལ་བྱ་འགུལ་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།