2017ལོའི་སྐབས་གཉིས་པའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-10 17:39:00 ཀློག་གྲངས།:


2017ལོའི་སྐབས་གཉིས་པའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་སྤེལ་བ།

     སྤྱི་ཟླ8པའི་ཚེས10ཉིན། 2017ལོའི་སྐབས་གཉིས་པའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་མཛད་སྒོ་དེ་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་སྤེལ་ཞིང་། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རླངས་འཁོར་འཕྲུལ་རྟ་ལུས་རྩལ་དོ་དམ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོའི་རླངས་འཁོར་འཕྲུལ་རྟ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་དང་མཚོ་ལྷོ་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་ཡུལ་སྐོར་ཅུའུ། པེ་ཅིང་ཀྲུང་ཆི་མོ་མཛའ་འབྲེལ་འཕེལ་རྒྱས་ལུས་རྩལ་ཀུང་ཟི། པེ་ཅིང་ཅིང་ཧྲི་ཏའེ་འགྲན་ཚན་སྨྱན་སྦྱོར་བཅས་ཀྱིས་འགན་སྒྲུབ་དང་། ཅང་སུའུ་སུའུ་མེ་ཏཱ་ནུས་ཁུངས་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་གནང་བ་རེད།

     ཐེངས་འདིའི་ལྗོངས་ཕྱིའི་འགྲན་ར་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་མཚོ་ཁ་རུ་གཏན་འཁེལ་བྱས་ཤིང་། གནས་འདི་ནི་རྒྱལ་ཡོངས་སུ་ཆེས་མཛེས་སྡུག་ལྡན་པའི་བྱེ་ཐང་ཡིན། 2017ལོའི་སྐབས་གཉིས་པའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་ནི་རྒྱལ་ནང་གི་རིམ་པ་ཆེས་མཐོ་བའི་ལྗོངས་ཕྱིའི་འགྲན་བསྡུར་ཞིག་དང་། ཀྲུང་གོའི་རླངས་འཁོར་ལྗོངས་ཕྱིའི་དམིགས་འགུག་འགྲན་བསྡུར་རབས་དང་རིམ་པའི་ཡན་ལག་འགྲན་ཚིགས། རྒྱལ་ནང་དུ་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་ཞིག་ཡིན། འགྲན་བསྡུར་འདི་ནི་མཚོ་ལྷོ་ཁུལ་གྱི་ལྔའི་འཆར་འགོད་བཅུ་གསུམ་པར་ཚུད་པ་མ་ཟད་མ་འོངས་པའི་ལོ་འགའི་ནང་མཚོ་སྔོན་རླངས་འཁོར་ལུས་རྩལ་གྱི་འགྲན་ཚན་དང་པོའི་མཚན་རྟགས་འགོད་ངེས་ལ། མཚོ་སྔོན་ཞིང་ཆེན་གྱི་ལོ་རེའི་འགྲན་བསྡུར་དང་རྩེད་འཇོ། སྤྱི་ཕན། ཡུལ་སྐོར་བཅས་གཞི་གཅིག་ཏུ་སྒྲིལ་བའི་བྱ་འགུལ་ཆེན་མོ་ཞིག་ཏུ་བསྐྲུན་ངེས།


 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།