མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་སྤེལ་མགོ་བརྩམས།
མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དངོས་སུ་སྤེལ་མགོ་བརྩམས།
སྤྱི་ཟླ8པའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བ་རུ་དངོས་སུ་མགོ་བརྩམས་ཤིང་། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་རིན་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུའུ་ཀྲང་ཀྲང་ཉིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བསོད་ནམས་དོན་གྲུབ་སོགས་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་མཛད་སྒོར་ཞུགས་པ་དང། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། རང་སྐྱོང་ཁུལ6། རང་སྐྱོང་རྫོང7། མཚོ་སྔོན་ཞིང་ཆེན་དམག་ཁུལ། ཉེན་རྟོག་དྲག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཚོ་སྔོན་གྱི་འཐུས་ཚབ་རུ་ཁག19ཡི་མི1656ཐེངས་འདིའི་འགྲན་བསྡུར་དུ་ཞུགས།
འཐུས་ཚབ་རུ་ཁག
ཐོག་མར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ་ཡིས་ཤིས་ཚིག་ཕུལ་བ་སྟེ། ང་ཚོས“འདུ་ཤེས་བཞི”སྲ་བརྟན་དང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་། ལྷན་གྱིས་ཀྲུང་གོའི་འདུན་མ་བསྐྲུན་པའི”བརྗོད་དོན་ངེས་པར་བྱེད་ཅིང་། “ཏན་ཏིག་བཞིའི”དགོངས་ཚུལ་གལ་ཆེན་ལ་དམིགས་ཏེ། “བསྒྱུར་བ་བཞིའི”སྐུལ་སྤེལ་གྱི་ལག་ལེན་ཁྲོད་ནུས་ཤུགས་ཡོད་རྒུས་མི་གྲངས་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་ཞིང་ཆེན་ཆེ་བར་བསྒྱུར་བ་མངོན་འགྱུར་བྱེད་དགོས། ཐེངས་འདིའི་མི་རིགས་ལུས་རྩལ་སྲོལ་རྒྱུན་འགྲན་ཚོགས་བརྒྱུད་དེ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ལུས་རྩལ་མི་སྣ་སྦྱོང་བརྡར་དང་གསོ་སྐྱོང་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ལུས་རྩལ་ལས་དོན་བདེ་ཐང་འཕེལ་རྒྱས་སུ་གཏོང་དགོས།
རིག་རྩལ་འཁྲབ་སྟོན།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཤིས་ཚིག་ཕུལ་བ་སྟེ། ང་ཚོས“མཐུན་སྒྲིལ་དང་། འཆམ་མཐུན། ཧུར་བརྩོན། རྟུལ་ཕོད”ཀྱི་བརྗོད་དོན་ལ་དམིགས་ཏེ། ནུས་ཡོད་སྒོས་འགྲན་ཚན་སོ་སོར་ཆ་རྐྱེན་གང་ལེགས་བསྐྲུན་ཏེ། ལུས་རྩལ་པ་དང་སྐུ་མགྲོན་ཡོངས་ལ་ཞབས་ཞུ་ལེགས་པོ་ཞིག་མཁོ་འདོན་བྱེད་པ་དང་མཚུངས་སུ། སྐབས་འདིའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་དེ་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་ལུས་རྩལ་གཟབ་ཚོགས་ཤིག་ཏུ་བསྒྲུབ་ངེས།
རིག་རྩལ་འཁྲབ་སྟོན།
སྔ་དྲོའི་མཛད་སྒོའི་སྟེང་། འགོ་ཁྲིད་རྣམས་ཀྱི་གཏམ་བཤད་དང་ཤིས་ཚིག་ཕུལ་རྗེས། འདིར་བཞུགས་གཟིགས་མོ་བ་ཀུན་ལ་རིག་རྩལ་འཁྲབ་སྟོན་རབས་དང་རིམ་པ་ཕུལ་བ་སྟེ། 《སྤྲོ་སྐྱིད་མཚོ་ལྷོ》དང《མཚར་སྡུག་མཚོ་ལྷོ》། 《འཆམ་མཐུན་མཚོ་ལྷོ》། 《ལྗང་མདོག་མཚོ་ལྷོ》། 《དག་གཙང་མཚོ་ལྷོ》། 《རེ་བའི་མཚོ་ལྷོ》སོགས་རྣམ་པ་དོད་པའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་གནང་།
ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་འགྲན་བསྡུར་རྣམ་གྲངས་དང་འཁྲབ་སྟོན་རྣམ་གྲངས་རིགས་ཆེན་པོ་གཉིས་སུ་དབྱེ་ཞིང་། དེ་ལས་འགྲན་བསྡུར་རྣམ་གྲངས་ལ་བསྡོམས་པས་རྣམ་གྲངས་ཆེ་བ10(སླེ་གྲུག་དང་རྐང་གྲུག དྲག་རྩལ། ཐག་འཐེན། གླང་ཆེན་ས་གཤགས། བྱེ་སྒྱེ་འདེགས་པ། མི་རིགས་ཀྱི་མདའ་འཕེན། མི་རིགས་ཀྱི་འཇུ་རེས། རྟ་རྩལ{མགྱོགས་ཚད་རྟ་རྒྱུག་དང་འགྲོས་རྒྱུག རྟ་ཐོག་མེ་མདའ། རྟ་ཐོག་ཁ་བཏགས་འཐུ་བ}། གཡག་རྒྱུག་སོགས)དང་རྣམ་གྲངས་ཆུང་བ50དང་། འཁྲབ་སྟོན་རྣམ་གྲངས་ལ་བསྡོམས་པས་རྣམ་གྲངས19འདུས། ཡང་འགྲན་བསྡུར་རྣམ་གྲངས་སུ་ཐོག་དང་པོར་སྐྱེས་པའི་རྐང་གྲུག་དང་སྐྱེས་མའི་མད་འཕེན་རྣམ་གྲངས་གཉིས་ཁ་སྣོན་བྱས་ལ། དེ་མིན་མཚོ་ལྷོ་ཁུལ་གྱི་སྐབས་གསུམ་པའི་བོད་རིགས་གྱོན་ཆས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་རིགས་གྱོན་ཆས་དངོས་མང་བཤམས་ཚོགས། སྟོང་མིའི་སྐོར་བྲོག་འཁྲབ་སྟོན། གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》སོགས་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་རྒྱུ་རེད།
བསྟོད་གླུ་ལེན་པ།
སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོའི་གསར་རྣམ་དང་ཚོགས་རྟགས། བཀྲ་ཤིས་གཡང་རྟེན་གྱི་ཇུས་འགོད། བརྗོད་དོན་གླུ་གཞས་གསར་རྩོམ་སོགས་ཀྱི་ཐད་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ཆ་དང་མཐུན་ཞིང་། རང་འགུལ་གྱིས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་འགྲེམ་སྟོན་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་རིག་གནས་དར་སྤེལ་དང་། མི་རིགས་མཐུན་སྒྲིལ་སྔོན་སྐུལ། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་ཡིན།
རིག་རྩལ་འཁྲབ་སྟོན།
ལོ་བཞིར་ཐེངས་རེ་ཚོགས་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེ་ཞིང་ཚད་གཞི་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་བྱ་འགུལ་ཞིག་ཡིན་ཞིང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན།
ཟླ8པའི་ཚེས14ཉིན་ནས་ཚེས19ཉིན་མཚོ་ལྷོ་ཁུལ་ལུས་རྩལ་ར་བར་འགྲོ་བར་སྟབས་བདེ་བཟོ་ཆེད།འགྲིམ་འགྲུལ་ལས་ཁུངས་སོ་སོས་སྤྱི་སྤྱོད་རླངས་འཁོར་ལ་འདུག་ས་བཞི་བཙུགས་ཡོད།
1.ཤམ་བྷ་ལ་ཐང་ཆེན།
2.མེ་ཏོག་ལྡུམ་ར།
3.གུང་ཧོའི་སྔོན་གྱི་རླངས་འཁོར་ས་ཚིགས།
4.མཁར་བྱང་གསར་ཁུལ་གྱི་རིག་གནས་བརྒྱུད་སྒྲོག་སྨྱད་བྱད་ལྟེ་གནས་ཐང་ཆེན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com