ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་སྤེལ།
མཚོ་ལྷོ་ཁུལ་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་སྤེལ།
མཚོ་ལྷོ་ཁུལ་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་སྤེལ།
སྤྱི་ཟླ8པའི་ཚེས15ཉིན་གྱི་དགོང་མོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་ཨ་མདོ་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་གྱི་མགོ་རྩོམ་མཛད་སྒོ་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་གསར་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་ཞིང་། འདིར་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་གྱོན་ཆས་འཁྲབ་སྟོན་རུ་ཁག་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་ཐོན་པའི་གྱོན་ཆས་འཁྲབ་སྟོན་རུ་ཁག་གིས་ཕུན་སུམ་ཚོགས་པའི་བོད་ཀྱི་གྱོན་ཆས་འཁྲབ་སྟོན་གནང་ལ། གདན་འདྲེན་ཞུས་པ་ལྟར་བོད་ཁུལ་ན་མིང་དུ་གྲགས་པའི་གླུ་མ་བྱང་མོ་མཚོ་དང་སྒྲོལ་མ་འཚོ། གཡུ་སྒྲོན། གླུ་བ་རིན་ཆེན་ཚེ་རིང་། པདྨ་དབང་འགྲུབ། དཀོན་མཆོག་རྒྱ་མཚོ་སོགས་ཀྱིས་གཟིགས་མོ་བ་རྣམས་ལ་སེམས་ཀྱི་རྒྱགས་ཕྱེ་ཡིད་ཚིམ་པ་ཞིག་ཕུལ།
མཚོ་ལྷོ་ཁུལ་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་སྤེལ།
མཚོ་ལྷོ་ཁུལ་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་སྤེལ།
སྒྱུ་རྩལ་དུས་ཆེན་འདི་ནི་བོད་ཀྱི་གྱོན་ཆས་འཁྲབ་སྟོན་སོགས་བྱ་འགུལ་རབས་དང་རིམ་པར་བརྒྱུད། བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་དར་ཁྱབ་དང་། བོད་ཀྱི་གྱོན་ཆས་རིག་གནས་ཀྱི་མཛེས་པ་འགྲེམ་སྟོན། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་ར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་འཆམ་མཐུན་སྤྲོ་སྐྱིད་ངང་རོལ་བའི་འཚོ་བ་གསར་བ་ངོམས་པ། ཕྱོགས་ཡོངས་ནས་བོད་ཀྱི་གྱོན་ཆས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ཆེན་པོ་ཐོན།
མཚོ་ལྷོ་ཁུལ་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་སྐབས་གསུམ་པ་དང་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་སྤེལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com