ཨ་མདོ་བོད་ཀྱི་གྱོན་ཆས་བཤམས་སྟོན་དུ་གྲོང་ཁྱེར་དང་ཁུལ་སོ་སོའི་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་གནང་བ།

རྨ་ལྷོའི་གྱོན་ཆས་འཁྲབ་སྟོན།
ཀན་ལྷོའི་གྱོན་ཆས།
རྨ་ལྷོའི་གྱོན་ཆས་འཁྲབ་སྟོན།
ཡུལ་ཤུལ་གྱི་གྱོན་ཆས་འཁྲབ་སྟོན།
ཡུལ་ཤུལ་གྱི་གྱོན་ཆས་འཁྲབ་སྟོན།
ཡུལ་ཤུལ་གྱི་གྱོན་ཆས་འཁྲབ་སྟོན།
བྱ་དགའ་གནང་བ།
སྤྱི་ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་གསུམ་པའི་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་དང་ཨ་མདོ་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲེམ་སྟོན་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་གསར་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་སྤེལ་ཞིང་། འདིར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་ཐོན་པའི་གྱོན་ཆས་འཁྲབ་སྟོན་རུ་ཁག་གིས་ཕུན་སུམ་ཚོགས་པའི་བོད་ཀྱི་གྱོན་ཆས་འཁྲབ་སྟོན་གནང་ལ། བར་དུ་ཡུལ་ཤུལ་གྱི་གླུ་མ་ཚེ་རིང་ཆོས་སྒྲོན་དང་མཚོ་ནུབ་ཀྱི་གླུ་མ་མཁའ་འགྲོ་དབང་མོ། ཀན་ལྷོའི་གླུ་མ་ཅིན་ལྷ་མོ་བཅས་ཀྱིས་གཟིགས་མོ་བ་རྣམས་ལ་གླུ་གཞས་ཕུལ།
མཇུག་མཐར། ཐེངས་འདིའི་གྲོང་ཁྱེར་དང་ཁུལ་སོ་སོའི་གྱོན་ཆས་འཁྲབ་སྟོན་རུ་ཁག་སོ་སོར་སྒོར5000ཡི་བྱ་དགའ་གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com