ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ཚན་ཁག་མཚོ་སྔོན་དུ་ཕེབས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་ཚགས་པར། དུས་ཚོད།:2017-08-17 14:51:00 ཀློག་གྲངས།:
     ཉེ་ལམ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པ་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་བྱ་བའི་གནས་ཚུལ་ལ་ལྟ་བཤེར་བྱེད་འགོ་བརྩམས་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པའི་ཙུའུ་ཀྲང་དབྱང་སུང་དང་། ཙུའུ་ཀྲང་གཞོན་པ་ཧོང་རུང་ཆིའུ་ཡིས་སོ་སོར་ལྟ་བཤེར་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ནས་གསུང་བཤད་གནང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་སྐུལ་སློང་བྱ་བའི་སྐོར་གྱི་གསུང་བཤད་གནང་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཚོགས་འདུ་ལ་འགོ་འཛིན་བྱས།
     དབྱང་སུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་བ་དེ་གཙིགས་སུ་བཟུང་ནས། རིམ་པ་སོ་སོའི་སྡེ་ཁག་སོ་སོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་བླང་བྱ་བཏོན། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་བར་སྐུལ་འདེད་གཏོང་བའི་ལམ་ལུགས་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན།ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་འདེད་བྱ་ཡུལ་གཙོ་བོ་ཡིན་པས།ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པར་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱ་དགོས།ཧོ་པེ་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོད་ལྟའི་བྱ་བར་དམིགས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གནང་ཤིང་། གནད་དོན་གྱི་གླེང་ཕྱོགས་རྒྱུན་བསྐྱང་ནས་གནད་དོན་འཚོལ་བའི་ཐད་ལ་ནུས་ཤུགས་འདོན་རྒྱུ་དང་དོན་དངོས་སྒྲུབ་ཕོད་པའི་རེ་བ་བཏོན། 2016ལོའི་ཟླ12པར་ཡང་བསྐྱར་མཛུབ་སྟོན་གལ་ཆེན་གནང་སྟེ། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བར་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། ལྷག་པར་ཏུ2017ལོའི་ཚུན་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཐད་ལ་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་སྟེ།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་ཤུགས་བསྣན་ཏེ། འཇིགས་སྣང་བསྐྱེད་དེ་འགན་འཁྲི་དངོས་འབེབས་བྱེད་དགོས་ཤིང་། མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཀྱིས་མང་ཚོགས་ལ་ཡིད་ཆེས་སྟེར་དགོས་ཟེར། དབྱང་སུང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པ་ཐེངས་འདིར་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཐག་གཅོད། ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་དངོས་འབེབས་གནས་ཚུལ་ལྟ་བཤེར་བྱ་རྒྱུ་དེ་ཡིན། ལྟ་བཤེར་ཁྲོད་གནད་དོན་གྱི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཙོ་བོ་ཀྲུང་དབྱང་གིས་མཐོང་ཆེན་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་པ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་ཁོར་ཡུག་གནད་དོན་དང་དེའི་ཐག་གཅོད་གནས་ཚུལ་ལ་དམིགས་ནས། གཙོ་བོ་ཁོར་ཡུག་སྤུས་ཚད་ཇེ་ཞན་འགྲོ་བའི་ས་ཁོངས་བཞུར་རྒྱུད་ལ་ཞིབ་བཤེར་དང་ལེགས་བཅོས་གནས་ཚུལ་དང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་གནས་ཚུལ།ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོང་བསྒྲུབ་འོས་མི་བསྒྲུབས་པ་དང་གང་བྱུང་དུ་བསྒྲུབ་པའི་གནས་ཚུལ།ས་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་དོན་འཁྱོལ་ཡོང་བར་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས།འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་སོགས་ཀྱི་ལས་ཀའི་ལམ་ལུགས་དངོས་འབེབས་ལ་སྐུལ་འདེད་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་བྱེད་ཚུལ་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་བྱེད་ཚུལ་ལ་དམ་པོར་དམིགས་ནས“འདུ་ཤེས་བཞི”སྲ་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བཅས་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དག་གཞི་རིམ་དུ་དངོས་འབེབས་བྱས་ནས་དངོས་དོན་གྱི་ཕན་འབྲས་ལེགས་པོ་ལེན་པར་ཁག་ཐེག་བྱེད་དགོས།
     ཝང་གོ་ཧྲིན་གྱིས་བསྟན་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་འདུ་ཤེས་གསར་བ་དང་། དགོངས་དོན་གསར་བ། འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པ་ཐེངས་འདིར་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་པ་དེ་ཏག་ཏག་ཞིང་ཆེན་ཡོངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“7 · 26 ”གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྒང་ཡིན་ལ། མགྱོགས་མྱུར་སྒོས་འབྱོར་ཕྱུག་དང་དཔལ་ཡོན།འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དུས་སྐབས་ཡིན་པ་དང་། དེ་ནི་འགོ་འཛུགས་ས་གསར་པའི་ཐོག་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་གོ་སྐབས་ཤིག་ཀྱང་ཡིན།
     དེ་བས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རགས་ཇེ་བརྟན་དུ་གཏོང་བ་བཅས་ལ་སྐུལ་འདེད་ནུས་པ་ཐོན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ལ་ཤུགས་བསྣན་སྟེ། འགྱུར་མེད་ཀྱི་ཏང་གཤིས་རྩ་དོན་དང་། མངོན་གསལ་གྱི་ཆབ་སྲིད་རྣམ་འགྱུར་གྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་རང་རྟོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ལེགས་པོར་སྒྲུབ་པར་གཞོགས་འདེགས་བྱས་ཏེ།གནད་དོན་ལ་མི་གཡོལ་བ་དང་། ལྕི་ཡང་གི་དབྱེ་བ་མི་འབྱེད་པ། ཕྱི་ཡུལ་གྱི་ཆ་རྐྱེན་མི་འདོན་པ།
     འགན་འཁྲི་ཁག་འགེལ་མི་བྱེད་པར་རང་འགུལ་གྱིས་ཞིབ་བཤེར་དང་ལེན་དང་གནད་དོན་ཐག་གཅོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བར་རྒྱབ་སྐྱོབ་བྱེད་པ་དང་། ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ།བཅོས་བསྒྱུར་དངོས་འབེབས་ལེགས་པོར་སྒྲུབ་པ། སྒྲིག་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་ཁ་བཤད་ལག་བསྟར་ཐུབ་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། ལྟ་བཤེར་དང་བསྒྱུར་བཅོས་མཉམ་སྤེལ། རང་རྟོགས་ཀྱིས་ལྟ་བཤེར་དང་ལེན་བྱེད་པ། རང་འགུལ་གྱིས་ལྟ་བཤེར་ལ་གཞོགས་འདེགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྟ་བཤེར་བྱ་བར་རྒྱབ་སྐྱོར་དང་ལྟ་བཤེར་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་དགོས། ཚོགས་འདུའི་སྟེང་།ཧོང་རུང་ཆིའུ་ཡིས་ད་རུང་ལྟ་བཤེར་རོགས་འདེགས་དང་ལྟ་བཤེར་དང་བསྒྱུར་བཅོས་མཉམ་སྤེལ།ཆ་འཕྲིན་སྤྱི་བསྒྲགས།
     ཆ་རྐྱེན་འགན་སྲུང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ལ་བླང་བྱ་བཏོན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་གི་ཁོངས་མི་དང་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་གཞན་པ་བཅས་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་དང་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོ།ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ་དང་། ཟི་ལིང་གྲོང་ཁྱེར་གྱི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོ་དང་ལས་ཁུངས་ཀྱི་འགོ་ཁྲིད་གཞན་པ་དག་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཤིང་། ས་གནས་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་ཀྱིས་ས་གནས་སུ་བརྙན་ཟློས་ལ་ལྟ་བའི་རྣམ་པས་ཚོགས་འདུར་ཟུར་ཞུགས་བྱས།
     བཀོད་སྒྲིག་ལ་གཞིགས་ན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པའི་ལྟ་བཤེར་དུས་ཡུན་ནི་ཟླ1གི་ཡས་མས་ཡིན།ལྟ་བཤེར་དུས་སྐབས(2017ལོའི་ཟླ8པའི་ཚེས8ཉིན་ནས་ཟླ9བའི་ཚེས8ཉིན་བར)སུ་ཆེད་དུ་བཙུགས་པའི་ལས་རེས་ཁ་པར་ཨང་གྲངས་ནི0971-6130209ཡིན་ལ།སྦྲག་སྲིད་ཡིག་སྒམ་ནི། ཟི་ལིང་སྦྲག་སྲིད་ཀྱི8006ཡིག་སྒམ་ཡིན།
     ལྟ་བཤེར་ཚན་ཁག་གིས་ཁ་པར་གཏུག་བཤེར་དང་ལེན་བྱེད་པའི་དུས་ཚོད་ནི།8:00ནས20:00བར་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་བཤེར་ཚན་ཁག་གི་འགན་འཁྲི་ལ་གཞིགས་ཏེ།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་གིས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ཕྱོགས་ཀྱི་ཡི་གེ་དང་ཁ་པར་གཏུག་བཤེར་དང་ལེན་བྱ་རྒྱུ་དེ་ཡིན་ལ།དང་ལེན་མི་བྱེད་པའི་གཞན་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་དག་གཏན་འཁེལ་ལྟར་ལྟ་བཤེར་ས་ཁུལ་དང་ལས་ཁུངས།འབྲེལ་ཡོད་སྡེ་ཁག་བཅས་ལ་སྤྲད་དེ་ཐག་གཅོད་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།