མགོ་མང་གྲོང་རྡལ་གྱིས་ཁོར་སྲུང་བྱ་བར་སྐུལ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2017-08-20 10:42:00 ཀློག་གྲངས།:

     ཟླ8པའི་ཚེས14ཉིན། མགོ་མང་གྲོང་རྡལ་གྱིས་ཁོར་སྲུང་ལྟ་ཞིབ་དང་དག་ཐེར་བྱ་བའི་དྲིལ་སྒྲོག་སྐུལ་སློང་ཚོགས་འདུ་འཚོགས་པ་ནས་བཟུང་།  གྲོང་རྡལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་ཁོར་སྲུང་དག་ཐེར་བྱ་བར་མཐོང་ཆེན་བྱས་ཏེ།  ཁོར་སྲུང་བྱ་བ་འདི་ཆབ་སྲིད་ཀྱི་འགན་འཁྲིར་བཞག་ནས།   ལྟ་ཞིབ་དག་ཐེར་དང་མྱུར་སྒྲུབ་མྱུར་བཅོསཀྱི་ལྟ་ཞིབ་ནང་རྐྱེན་ལ་གཞིགས་ཤིང་། གྲོང་རྡལ་ཡོངས་ཀྱི་ལས་བྱེད་དང་མང་ཚོགས།  ཁོར་སྲུང་མཐུན་ཚོགས་བཅས་ཀྱིས་ཁོར་ཡུག་ལེགས་བཅོས་བྱ་བ་ནན་སྒྲུབ་བྱས་ཏེ།  ཁོར་སྲུང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས།

      གཅིག་ནས་གྲོང་རྡལ་དང་སྡེ་ཁག་སོ་སོའི་ལས་བྱེད་ཀྱིས་ཁོར་སྲུང་དག་ཐེར་བྱ་བ་དྲིལ་སྒྲོག་བྱས་ཏེ།  འཕྲེད་ཡིག30དང་། དྲིལ་སྒྲོག་ཡིག་ཆ1000ལྷག་བགྲམ།  གཉིས་ནས་སྡོད་དམངས་དང་རོང་འབྲོག་མང་ཚོགས་ལ་སྐུལ་སློང་བྱས་ནས་སྡེ་བ་རིམ་པའི་གཞུང་ལམ་འགྲམ་གྱི་གད་སྙིགས་གཙང་སེལ་བྱས།  གསུམ་ནས་གྲོང་རྡལ་ཁོར་སྲུང་མཐུན་ཚོགས་ཀྱིས་གཞུང་ལམ་གཙོ་བོའི་གད་སྙིགས་དང་གྲོང་རྡལ་སྲང་ལམ་ལ་གཙང་སྦྲ་བྱས།
       ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་བྱ་བར་སྐུལ་འདེད་དང་།  ནན་ཏན་གྱིས་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་བྱ་བ་ལེགས་པོར་སྒྲུབ་ཆེད། ཟླ8པའི་ཚེས14ཉིན། མགོ་མང་གྲོང་རྡལ་གྱིས་ཁོར་སྲུང་ལྟ་ཞིབ་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། གྲོང་གཙོ་བསམ་གཏན་གྱིས་ཚོགས་འདུ་ལ་འགོ་འཛིན་བྱས།  ཐེངས་འདིའི་ཚོགས་འདུ་ལ་འགོ་གཙོ་གཞོན་པ་དག་དང་།  སྡེ་ཁག་སོ་སོའི་འགན་འཁུར་བ།  སྡེ་བ(སྡོད་ཁུལ)སོ་སོའི་འགན་འཁུར་བ།  སྡེ་སྡོད་ལས་བྱེད་སོགས་བསྡོམས་པས་མི70ལྷག་ཚོགས་འདུ་ལ་ཞུགས།
      ཚོགས་འདུའི་སྟེང་།བློ་མཐུན་བསམ་གཏན་ལགས་ཀྱིས་ཞིང་ཆེན་དང་ཁུལ།  རྫོང་ཨུའི་ཁོར་སྲུང་འབུར་ཐོན་གནད་དོན་དག་ཐེར་བྱས་པའི་གནས་ཚུལ་ཞིབ་བཤེར་བྱས་པ་ཡོངས་བསྒྲགས་བྱས་ཏེ།  ཁོར་སྲུང་དག་ཐེར་བྱ་བའི་ཐད་བཀོད་སྒྲིག་བྱས།

      ཚོགས་འདུའི་སྟེང་ཁོར་སྲུང་ལས་བགོས་འགོ་ཁྲིད་ཀྱིས་འགན་འཁྲིའི་འོས་འགན་ལག་བསྟར་བྱས་ཏེ།  སྡེ་ཁག་སོ་སོས་རང་གི་ཁོར་ཡུག་མངའ་ཁོངས་ལ་གཙང་སྦྲ་དང་།  སྡེ་སྡོད་ལས་བྱེད་ཀྱིས་རམ་འདེགས་བྱས་ནས་རང་གི་སྡེ་བའི་མཐའ་འཁོར་གྱི་ཁོར་ཡུག་ལ་གཙང་སྦྲ་བྱེད་པ།  ཧུར་ཐག་གིས་ཁོར་སྲུང་སྲིད་ཇུས་དྲིལ་སྒྲོག་ལག་བསྟར་བྱེད་དགོས་ཞེས་བླང་བྱ་བཏོན་པ་དང་།  རིམ་པ་སོ་སོས་འགན་འཁྲི་ལག་བསྟར་བྱས་ཏེ།  གྲོང་རྡལ་དང་སྡེ་བའི་ལས་བྱེད་ཀྱིས་རང་གི་མངའ་ཁོངས་ཀྱི་ཁོར་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། ནུས་ཤུགས་ཡོད་དགུས་གྲོང་རྡལ་ཡོངས་ཀྱི་ཁོར་སྲུང་གནད་དོན་དག་ཐེར་བྱ་བར་སྐུལ་འདེད་བྱེད་དགོས་པའི་ཕྱོགས་ནན་བཤད་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།