ཀོས་ནན་བྱ་མདོ་ཞང་གིས་ཁོར་སྲུང་བྱ་བར་དག་ཐེར་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2017-08-21 15:01:00 ཀློག་གྲངས།:
     རི་ཆུ་ནགས་གསུམ་ལ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་གི་ཁོར་ཡུག་ཞིག་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་སྲུང་སྐྱོང་བྱ་བའི་རེ་འདུན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཏུ་ལྟ་ཞིབ་ཕེབས་པའི་སྐབས་སུ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་ལྟར་བསྒྱུར་བ་བཞི་དེའི་བྱ་མདོ་ས་ཁུལ་ནས་རྩ་བ་འཛུགས་པར་བྱེད་ཆེད། ཉེ་ལམ་བྱ་མདོ་ཞང་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཨུ་དང་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། བྱ་བའི་བྱ་ཐབས་གསར་གཏོད་དང་མ་དངུལ་གཏོང་ཤུགས་ཇེ་ཆེ། འོས་འགན་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དག་ཐེར་བྱ་བ་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོང་བྱ་བའི་བྱ་གཞག་སོ་སོ་དོན་འཁྱོལ་བྱས།
     གཅིག་ནི་གཙོ་གནད་ས་ཁོངས་བཅོས་སྒྲིག་གི་བྱ་བ་སྟེ། ཞང་ཏང་ཨུ་དང་སྲིད་གཞུང་གིས་ཁོར་སྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་ཞང་ཁོངས་གཏོགས་ཀྱི་ཁོར་སྲུང་གནས་ཚུལ་དང་ཞང་སྲིད་གཞུང་གི་སྡོད་གནས།མཐོ་སྒང་མཛེས་སྡུག་གྲོང་སྡེ་རྣམ་གྲངས་ལག་བསྟར་སྡེ་བའི་ཁོར་སྲུང་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་།ཚལ་རྔ་འགག་ཆུ་མཛོད་གཙོ་གནད་དུ་བཟུངསྟེ།མི་སྣ་རྩ་འཛུགས་སྒོས་ཁོངས་གཏོགས་ཁུལ་གྱིས་གད་སྙིགས་སྣ་ཚོགས་གཙང་སེལ་བྱས་པར་མ་དངུལ་བསྡོམས་པའི་སྒོར8000ལྷག་བཏང་།
     གཉིས་ནི་གཞུང་ལམ་གཙོ་གནད་བཅོས་སྒྲིག་གི་བྱ་བ་སྟེ། བྱ་མདོ་ཚལ་རྔ་འགག་ནས་མང་ར་ཞང་བར་གྱི་གཞུང་ལམ་གཙོ་གནད་དུ་བཟུང་ནས་ས་ཁག་དྲུག་ཏུ་བགོས་ཏེ།སྡེ་བ་སོ་སོར་འགན་ལེན་བྱེད་དུ་བཅུག་པར་མ་ཟད་དམིགས་ཚད་འགན་ཡིག་བཞག ཉེ་ལམ། ཞང་ཏང་ཨུ་དང་སྲིད་གཞུང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་གཞུང་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས་ཏེ་གཞུང་ལམ་སྲུང་སྐྱོང་གི་བྱ་བ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་ཏུ་བཏང་།
     གསུམ་ནི་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་སྟེ། ཞང་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གནད་ཁོངས་གཏོགས་ཁུལ་དང་གཞུང་ལམ་འགྲམ་རྒྱུད་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བ་དང་ཏང་ཀྲི་པུའུ་བརྗོད་གཞི་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ། སྡེ་བ་སོ་སོའི་གུང་གཞོན་ཚོགས་པའི་ཏང་བླངས་བྱེད་སྒོ། རི་ཆུ་ནགས་གསུམ་ལ་སྲུང་སྐྱོང་དང་ཏན་ཏིག་ལག་ལེན་ཁྲོད་བསྒྱུར་བ་བཞིའི་བསམ་བློ་གསར་བ་བརྗོད་གཞི་ཡིན་པའི་བྱེད་སྒོ་སོགས་ཟུང་འབྲེལ་བྱས་ཏེ་ཏང་ཡོན་གྱིས་སྣེ་ཁྲིད་མིག་དཔེ་སྟོན་པ་དང་གོང་གཞོན་ཚོགས་པའི་རང་དཔེ་གཞན་སྟོན་བཅས་གྱིས་མང་ཚོགས་རང་འགུལ་གྱིས་ཁོར་སྲུང་བྱེད་སྒོ་ཁྲོད་ཞུགས་པའི་རྣམ་པ་གསར་བ་མངོན།
     བཞི་ནི་འོས་འགན་དོན་འཁྱོལ་བྱ་བ་སྟེ། ཞང་ཏང་ཨུ་དང་སྒྲིག་ཨུས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་དུས་ངེས་མེད་ཀྱིས་སྡེ་བ་སོ་སོར་སྐོར་ཞིབ་དང་ཞང་ཁོངས་གཏོགས་ལས་ཁུངས་ཀྱི་ཁོར་སྲུང་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ཁོར་སྲུང་ཞིབ་བཤེར་བྱ་བར་དངོས་ནས་དོན་འཁྱོལ་དང་ཕན་འབྲས་བླངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།