ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་རབས་དང་རིམ་པ་སྤེལ་བ།
ཡོངས་འཛིན་འཚོལ་བཤེར་སྔར་ལས་ཁྱབ་སྤེལ་བྱ་སླད། ཉེ་ལམ། ཡོངས་འཛིན་དྲིལ་སྒྲོག་རུ་ཁག་གིས"དུས་རབས་གསར་བ་དང་། བསམ་བློ་གསར་བ། དམིགས་འབེན་གསར་བ། འཐབ་ལམ་གསར་བ"ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་སྤེལ་བ་སྟེ། སི་ཁྲོན་ཁྲིན་ཏུའུ་དང་། ཟི་ལིང་། གསེར་ཆེན་རྫོང་། འབའ་རྫོང་། བྲག་དཀར་རྫོང་། ཁྲི་ཀ་རྫོང་། མང་རྫོང་སོགས་སུ་སྐྱོད་དེ་ཡུལ་དངོས19ནས་ཡོངས་འཛིན་འཚོལ་བཤེར་དྲིལ་སྒྲོག་བྱས།
མང་རྫོང་མི་རིགས་སློབ་འབྲིང་དུ་དྲིལ་སྒྲོག་བྱེད་པ།
ཡུལ་དངོས་སུ་ཡོངས་འཛིནAPPཕབ་ལེན་བྱས་པ།
དྲིལ་སྒྲོག་བྱ་འགུལ་འདི་སློབ་ར་ཁོ་ནར་དམིགས་ཏེ། ཡོངས་འཛིན་གྱི་ཁྱབ་ལྡན་སྤྱོད་ནུས་ཐད་ཞིབ་ཕྲའི་མཚམས་སྦྱོར་གནང་སྟེ་ཕན་འབྲས་ལེགས་པོ་ཐོན། དེར་མ་ཟད། ཡོངས་འཛིནAPPཕབ་ལེན་དང་། སྤྱོད་མཁན་ཐོ་འགོད། གྲངས་མཛོད་ཐོན་ཁུངས་ཡར་སྤྲོད་སོགས་ཀྱི་བྱེད་ཐབས་ཐད་ཡུལ་དངོས་ནས་ཆེད་དོན་མཚམས་སྦྱོར་བྱས་ལ། ཡོངས་འཛིན་དྲིལ་སྒྲོག་ཤོག་ལྷེ་དང་ཡུལ་དངོས་ནས་དོགས་གཞིར་དྲིས་ལན་འདེབས་པ། ཕན་ཚུན་ལ་མྱོང་ཚོར་འབྲེལ་འདྲིས་བཅས་ཀྱི་རྣམ་པ་བརྒྱུད། མི་ཐེངས5462ཀྱི་ཡུལ་དངོས་དྲིལ་སྒྲོག་ལེགས་འགྲུབ་བྱུང་།
སློབ་མས་ཡོངས་འཛིན་གྱི་དྲིལ་སྒྲོག་ལག་དེབ་ལ་གཟིགས་པ།
དྲིལ་སྒྲོག་ལ་ཞུགས་པའི་མི་རྣམས་ཀྱིས་ཡོངས་འཛིན་འཚོལ་བཤེར་གྱི་བེད་སྤྱོད་ཀྱིས་རང་ཉིད་དུས་རྒྱུན་གྱི་བྱ་བ་དང་སློབ་སྦྱོང་ལ་རོགས་རམ་ཆེན་མོ་ཐོན་ངེས་པར་བསྟན་ཞིང་། ཡོངས་འཛིན་འཚོལ་བཤེར་གྱིས་སྟབས་བདེ་བའི་ཆ་འཕྲིན་ཅན་གྱི་ཚོང་རའི་དགོས་མཁོ་བསྐངས་པས། མང་ཚོགས་ལ་སྤྱོད་འཐུས་རང་བཞིན་དང་སྟབས་བདེ་རང་བཞིན་ཆེན་མོ་བསྐྲུན། མིག་སྔར། ཡོངས་འཛིན་འཚོལ་བཤེར་གྱི་ཀློག་གྲངས་བསྟུད་མར་གོང་མཐོར་འགྲོ་བཞིན་ཡོད་ཅིང་། མི་ཐེངས་དུང་ཕྱུར3ཡི་ཀློག་གྲངས་ལས་བརྒལ་བ་དང་། ཉིན་རེར་ཆ་སྙོམས་འཚོལ་བཤེར་བྱེད་ཚད་ཐེངས་ཁྲི160ཡས་མས་སུ་སླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།