ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་།
མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་བོད་ཀྱི་སྲོལ་རྒྱུན་དཔེ་བྲིས་ཀྱི་ཕྱག་རྒྱུན་ལྟར་བོད་ཤོག་རྣལ་མའི་སྟེང་ལྷད་མེད་པའི་རིན་ཆེན་གསེར་དངུལ་སོགས་ཀྱིས་རྒྱལ་བའི་བཀའ་བསྟན་དང་བཅས་པའི་གསུང་རབ་སྣ་ཚོགས་འབྲི་བཞེངས་བྱེད་ཀྱིན་ཡོད། དགོན་སྡེ་ཁག་དང་སྡེ་བའི་མ་ཎི་ཁང་། ཁྱིམ་ཚང་སོགས་ལ་རྒྱལ་བའི་བཀའ་བསྟན་གཙོར་བྱས་པའི་གྲུབ་མཐའ་རིས་མེད་ཀྱི་གསུང་འབུམ་སྣ་ཚོགས་དང་། མདོ་གདུགས་སྒྲོལ་གསུམ་སོགས་ཞལ་འདོན་སྣ་ཚོགས་སོགས་ཆོས་ཀྱི་གསུང་རབས་གང་མཁོ་ན་རང་སོ་སོའི་ཐུགས་མོས་ཇི་བཞིན་དུ་གསེར་བྲིས་དང་དངུལ་བྲིས། གཡུ་བྲིས་སོགས་ཀྱིས་ཡིག་གཟུགས་མཛེས་ལ་དག་ཆ་ལྡན་པའི་ངང་འབྲི་བཞིན་ཡོད།
རྒྱུ་ཆ་ཚང་མ་བོད་རང་ཉིད་ཀྱི་སྲོལ་རྒྱུན་ལག་ཤེས་ཀྱི་ཐབས་རྩལ་ལྟར་བཟོས་པ་དང་དེ་ལ་ལྷད་སྐྱོན་གང་གིས་ཀྱང་གོས་མེད་པས་གསུང་འབུམ་དེ་དག་ཐོག་མའི་རྣམ་པ་ཇི་བཞིན་དུ་ལོ་ངོ་སྟོང་ཕྲག་ལའང་ཉར་ཚགས་བྱེད་ཐུབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།