ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།། སྐུ་འབུམ་དགོན་པས་ཆོས་ཤོས་སྐུ་ཕྲེང་བཞི་པའི་ཡང་སྤྲུལ་སྐུ་གོང་མའི་ཆོས་ཁྲིར་མངའ་གསོལ་བ་རེད།
༄༅།། སྐུ་འབུམ་དགོན་པས་ཆོས་ཤོས་སྐུ་ཕྲེང་བཞི་པའི་ཡང་སྤྲུལ་སྐུ་གོང་མའི་ཆོས་ཁྲིར་མངའ་གསོལ་བ་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ནུབ་བྱང་མི་རིགས་སློབ་གླིང་གི་དྲ་བ།
དུས་ཚོད།:2007-12-28 11:05:07
ཀློག་གྲངས།:
༢༠༠༧ལོའི་ཟླ་༣ཚེས་༢༣གྱི་བཀྲ་ཤིས་པའི་ཉིན་མོར་སྐུ་འབུམ་དགོན་པས་ཆོས་ཤོས་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་ཡང་སྤྲུལ་ངོས་འཛིན་བྱས་ནས་ཐུགས་ཐག་བཅད་དེ་སྐུ་གོང་མའི་ཆོས་ཁྲིར་མངའ་གསོལ་ཞིང་། མཚན་ལ་ཆོས་ཤོས་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དགེ་ལེགས་རྒྱ་མཚོ་ཞེས་གསོལ་བ་དང་། ཉིན་དེར་གསོལ་བ་བསྔོ་སྨོན་རྒྱ་ཆེར་མཛད་པ་རེད་། ༢༠༠༢ལོའི་ཟླ་༡༢ཚེས་༢༢ཉིན་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཡུལ་གྱི་ཆར་གཏོགས་པའི་ཀ་རིང་ཤང་གི་དབྱར་རྩྭ་གྲོང་ཚོའི་ཧོར་ནག་སྡེ་བར་ཡང་སྤྲུལ་རིན་པོ་ཆེ་སྐུ་འཁྲུངས་ཤིང་། ད་ལྟ་ཆོས་ཤོས་སྐུ་ཕྲེང་ན་རིམ་གྱི་བཞུགས་གནས་བསམ་གཏན་གླིང་དུ་སྤྱན་འདྲེན་ཞུས་ཡོད།
བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལུགས་ལྟར་ཉི་མ་དང་སྐར་མ་བཟང་བོ་ཞིག་བདམས་ཤིང་། ༢༠༠༨ལོའི་ཟླ་༥ཚེས་༡༩ཉིན་(ལུགས་རྙིང་གི་ཟླ་༤ཚེས་༡༥ཉིན་ནི་སྟོན་པ་ཤྰཀྱ་ཐུབ་པ་ལྷུམས་སུ་ཞུགས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་གསུམ་མཉམ་དུ་འཁེལ་བའི་བཀྲ་ཤིས་ཉིན་མོ་ཞིག་ཡིན)སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་གནས་ཏེ་མཚོ་སྔོན་གྱི་སྐུ་འབུམ་དགོན་པས་ཆོས་ཤོས་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཆོས་ཁྲིར་མངའ་གསོལ་བ་དང་ཆབས་ཅིག་ཏུ་ཚོགས་མཆོད་བསྔོ་སྨོན་རྒྱ་ཆེན་པོ་ཞིག་མཛད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།