གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་སྒོ་ནས་དུས་ཆེན་གཉིས་དགའ་གཏོང་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན། དུས་ཚོད།:2011-02-09 11:04:00 ཀློག་གྲངས།:

            ད་ལོའི་དཔྱིད་གསར་དུས་ཆེན་དང་གཞིས་རྩེའི་སོ་ནམ་ལོ་གསར་དུས་གཅིག་ཏུ་ཤར་བ་དང་གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཐོག་ནས་དུས་ཆེན་གཉིས་དགའ་གཏོང་བྱས་པ་རེད།
            སྤྱི་ཟླ2པའི་ཚེས4ཉིན་གྱི་ཞོགས་པ་སྔ་པོ་ནས་གཞིས་རྩེ་གྲོང་ཁྱེར་གྲོང་ལྷོ་དོན་གཅོད་ཁྲུའུ་པང་ཅལ་གོང་གྲོང་མི་ཨུ་ཡོན་ལྷན་ཁང་གི་བགྲེས་སོང་ཕུན་ལགས་ཀྱི་ཁྱིམ་དུ་འཁྲུག་ཆ་དོད་པོ་ཡོད་པ་དང་ཁོ་ཚོའི་ཁྱིམ་གྱིས་དེ་སྔའི་ལོ་གསར་དང་འདྲ་བར་སྡེ་ཁུལ་གྱི་རྒྱ་རིགས་དང་ཧུའེ་རིགས། ད་དུང་གཞིས་རྩེར་ཚོང་རྒྱག་མཁན་ཁམས་ཁུལ་བོད་རིགས་བཅས་མགྲོན་དུ་བོས་ནས་གྲོ་སོ་ཕྱེ་མར་དང་རོ་བཅུད་ལྡན་པའི་ཆང་བཀྱག་སྟེ་དགའ་སྤྲོའི་ངང་དུས་ཆེན་བཏང་བ་དང༌། ལོ་འདི་དག་ནང་གི་འབྱོར་ཕྱུག་འཚོ་བ་དང་འབྱུང་འགྱུར་མཛེས་སྡུག་ལྡན་པའི་འཚོ་བ་ལྷུག་གླེང་གནང་བ་རེད།
             དུས་ཆེན་རིང༌། གསར་འགོད་པ་ཞིང་འབྲོག་ཁུལ་དང་ཁྲོམ་གཞུང་སྡེ་ཁུལ་གང་དུ་བསྐྱོད་ཀྱང་མཐོང་བ་མཐའ་དག་གདོང་ཡོངས་འཛུམ་གྱིས་ཁེངས་ཤིང་གཟབ་མཆོར་རྒྱས་པར་སྤྲས་པའི་མང་ཚོགས་ཀྱིས་ཕན་ཚུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པའི་རྣམ་པ་དེ་རེད།
             བོད་ཟླ12ཚེས1ཉིན་ནི་བོད་ལྗོངས་གཙང་ཁུལ་གྱི་སོ་ནམ་ལོ་སར་ཡིན་ཞིང་། ཉིན་དེར་གཙང་པ་རྣམས་ཀྱིས་དགོན་པར་མཆོད་མཇལ་དང་། གྲོ་སོ་ཕྱེ་མར་འགྱོག་པ། ཆུ་ཕུད་ལེན་པ་སོགས་སྲོལ་རྒྱུན་ལྟར་ལོ་སར་ལ་རྟེན་འབྲེལ་ཞུ་པ་རེད། དེ་ཡང་། བོད་ཟླ་དང་པོའི་སྐབས་སུ། བོད་ལྗོངས་གཙང་ཁུལ་དུ་སོ་ནམ་གྱི་ལས་ལ་བརྩོན་འགོ་ཚུགས་པར་བརྟེན། གཙང་ཁུལ་གྱི་ཞིང་པ་རྣམས་ཀྱིས་ལོ་རེའི་བོད་ཟླ་བཅུ་གཉིས་ཀྱི་ཚེས་གཅིག་གི་ཉིན་མོར་གཙང་ཁུལ་གྱི་སོ་ནམ་ལོ་སར་གཏོང་བའི་སྲོལ་དེ་དར་བ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།