ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཉེ་བའི་ལོ་སུམ་བཅུ་ཙམ་ནང་མཚོ་བོད་མཐོ་སྒང་གི་འཁྱགས་རོམ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པ།
ཉེ་བའི་ལོ་སུམ་བཅུ་ཙམ་ནང་མཚོ་བོད་མཐོ་སྒང་གི་འཁྱགས་རོམ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།
དུས་ཚོད།:2011-02-10 09:19:00
ཀློག་གྲངས།:
ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ས་གཤིས་ཁོར་ཡུག་རྒྱང་ཚོར་རྟོག་ཞིབ་དང་ལྟ་སྐུལ་གྱི་ཞིབ་འཇུག་འབྲས་བུ་ལྟར་ན། ཉེ་བའི་ལོ་སུམ་བཅུ་ཙམ་ནང་མཚོ་བོད་མཐོ་སྒང་གི་འཁྱགས་རོམ་ལོ་རེར་ཆ་སྙོམས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ 131.4ཉུང་དུ་ཕྱིན་པ་མ་ཟད། ཉེ་བའི་ལོ་ཤས་རིང་འཁྱགས་རོམ་ཞུ་ཚད་ཇེ་ཆེར་འགྱུར་བཞིན་ཡོད།
ཀྲུང་གོ་ས་གཤིས་རྟོག་ཞིབ་ཅུས་རྣམ་གྲངས་ལྟ་ཞིབ་ཚད་ལེན་སྙན་སྒྲོན་ནང་འདི་ལྟར། འཁྱགས་རོམ་དང་གངས་ཉུང་དུ་ཕྱིན་པ་དེས་ས་མཐོ་དང་མཐའ་འཁོར་ལ་ཆུའི་ཐོན་ཁུངས་མང་པོ་མཁོ་འདོན་བྱས་པ་དང་། དུས་ཐུང་ནང་ས་ཁོངས་ཁག་གཅིག་ལ་རྒྱུག་ཆུའི་འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་གཞི་ཁྱོན་ཆེན་པོས་འཁྱགས་རོམ་དང་གངས་ཉུང་དུ་ཕྱིན་པ་དེས། མཚོ་བོད་མཐོ་སྒང་གི་ཆུ་གསོག་ཚད་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་གནས་ཚུལ་འོག སྔོན་རྩིས་ལྟར་ན2050 ལོར་འཁྱགས་རོམ་རྒྱ་ཁྱོན་དེ་ད་ལྟའི་རྒྱ་ཁྱོན་གྱི་བརྒྱ་ཆ 72ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། 2010ལོར་ད་ལྟའི་རྒྱ་ཁྱོན་གྱི་བརྒྱ་ཆ 50 ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ས་གཤིས་ཁོར་ཡུག་འགྱུར་ལྡོག་འགྲོ་བ་ནི་ད་ལྟའི་རྒྱལ་སྤྱིའི་ས་ཁམས་རིག་པའི་ལས་རིགས་ཀྱི་ཞིབ་འཇུག་བྱེད་ས་ཞིག་ཡིན་པ་དང་།2003 ལོ་ནས་བཟུང་། ཀྲུང་གོ་ས་གཤིས་རྟོག་ཞིབ་ཅུས་ཀྱིས་སྒྲིག་འཛུགས་ཐོག་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ས་གཤིས་ཁོར་ཡུག་གི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། བློས་འགེལ་ཆོག་པའི་དཔྱད་གཞིའི་ཡིག་རིགས་མང་པོ་དང་གལ་ཆེའི་དུམ་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
མཚོ་བོད་མཐོ་སྒང་གི་སྤྱིའི་རྒྱ་ཁྱོན་གྱིས་རང་རྒྱལ་གྱི་སྐམ་ས་ཆེན་མོའི་རྒྱ་ཁྱོན་ཡོངས་ཀྱི་བཞི་ཆ་གཅིག་ཙམ་བཟུང་ཡོད་པའི་ནང་། བོད་ལྗོངས་དང་། མཚོ་སྔོན། ཟི་ཁྲོན་ནུབ་རྒྱུད། ཡུན་ནན་བྱང་རྒྱུད། ཤིན་ཅང་ལྷོ་རྒྱུད་སོགས་ས་ཁུལ་ཚུད་ཡོད་ཅིང་། དེ་ནི་འཛམ་གླིང་ཐོག་མཐོ་ཤོས་དང་གཞོན་ཤོས་ཀྱི་མཐོ་སྒང་ཡིན་པས་འཛམ་གླིང་ཡང་རྩེ་གསུམ་པ་ཞེས་སུ་གྲགས་པ་དང་། ཨེ་ཤ་ཡའི་གཙང་པོ་མང་པོ་སྟེ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ་བཅས་ཀྱི་འབྱུང་གནས་ཀྱང་ཡིན་པས་ཀྲུང་ཧྭ་ཆུ་གསོག་མཐོ་ལྕོག་ཅེས་པའི་མཚན་སྙན་ཐོབ་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།