དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ལས་བོད་ཀྱི་ཞབས་བྲོ་ཆེ་གྲས་ཀྱིས་མི་མང་པོའི་ཡིད་དབང་བཀུག་པ།
བོད་རིགས་ཀྱི་ཞབས་བྲོ་ཆེ་གྲས་གླུ་ལེན་བྲོ་འཁྲབ་ཞེས་པའི་འཁྲབ་སྟོན་གྱི་རྣམ་པ།
སྤྱི་ཟླ 2 པའི་ཚེས 2ཉིན་གྱི་རྒྱ་ནག་ལུགས་རྙིང་ལྕགས་ཡོས་ལོའི་གནམ་གང་དགོང་མོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཐོག་འཁྲབ་སྟོན་བྱས་པའི་བོད་རིགས་ཀྱི་ཞབས་བྲོ་ཆེ་གྲས་གླུ་ལེན་བྲོ་འཁྲབ་ཞེས་པ་དེས་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
བོད་རིགས་ཀྱི་ཞབས་བྲོ་ཆེ་གྲས་གླུ་ལེན་བྲོ་འཁྲབ་ཞེས་པའི་འཁྲབ་སྟོན་གྱི་རྣམ་པ།
ལྷ་ས་གྲོང་ཁྱེར་གངས་ལྗོངས་མུ་ཏིག་འདམ་རའི་ནང་བཞུགས་མཁན་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཨ་མ་བདེ་སྐྱིད་ལགས་ནི་དེ་སྔོན་རིག་རྩལ་ལས་དོན་པ་ཞིག་ཡིན་ཞིང་། ཁོང་གིས་བོད་ཀྱི་རིག་རྩལ་ལས་དོན་པས་གསར་རྩོམ་བྱས་པའི་ཞབས་བྲོ་གླུ་ལེན་བྲོ་འཁྲབ་ཞེས་པ་དེ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ནང་བདམས་ཐོན་བྱུང་བ་གོ་ཐོས་བྱུང་རྗེས། ཨ་མ་བདེ་སྐྱིད་ལགས་དགའ་སྤྲོ་དང་སྤོབས་པ་དཔག་ཏུ་མེད་པ་སྐྱེས་ནས་གསུངས་རྒྱུར། བོད་ཀྱི་སྲོལ་རྒྱུན་གྱི་དམངས་ཁྲོད་སྒོར་གཞས་དང་སྒྲ་སྙན་ཞབས་བྲོ་མཉམ་དུ་འབྲེལ་ནས་བཟོས་པའི་ཞབས་བྲོ་དེ། སླར་ཡང་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་གར་སྟེགས་ཐོག་འཛེགས་ཐུབ་པ་མཐོང་སྐབས་རང་ཉིད་དེ་སྔོན་རིག་རྩལ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བཤད་ན་ཧ་ཅང་དགའ་པོ་བྱུང་ལ་སྤོབས་པ་ཡང་ཆེན་པོ་སྐྱེས་ཀྱི་འདུག ང་ཚོའི་འཁྲབ་སྟོན་པའི་སྤྲོ་བ་འཕེལ་བའི་ངང་ཚུལ་དང་སྒེག་ཉམས་ལྡན་པའི་གར་སྟབས། སྙན་འཇེབས་ལྡན་པའི་འགྱུར་ཁུག་བཅས་ཀྱི་ཐོག་ནས་བོད་ཀྱི་གོང་འཕེལ་གསར་པ་དང་འགྱུར་ལྡོག་གསར་པ། རྣམ་པ་གསར་པ་མཚོན་པ་བྱས་འདུག གླུ་ལེན་བྲོ་འཁྲབ་ཞེས་པ་དེ་སླར་ཡང་དཔྱིད་གསར་དུས་ཆེན་གི་དགོངས་ཚོགས་གར་སྟེགས་ཐོག་འཛེགས་ཐུབ་པ་དེས་བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་དགེ་ཚན་ལྡན་པའི་སྐུལ་འདེད་ནུས་པ་འཐོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
བོད་རིགས་ཀྱི་ཞབས་བྲོ་ཆེ་གྲས་གླུ་ལེན་བྲོ་འཁྲབ་ཞེས་པའི་འཁྲབ་སྟོན་གྱི་རྣམ་པ།
བོད་ཀྱི་ཞབས་བྲོ་ཆེ་གྲས་གླུ་ལེན་བྲོ་འཁྲབ་ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དེས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྤྲོ་བ་རབ་ཏུ་འཕེལ་ཡོད་པ་དང་། ཚང་མས་ལེ་ཚན་དེའི་སྐོར་གླེང་སྐབས་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ནང་ཞུགས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བོད་ལྗོངས་ཀྱི་སྣ་མང་ཕུན་སུམས་ཚོགས་པའི་རིག་རྩལ་གསར་གཏོད་མངོན་པ་བྱས་པ་མ་ཟད། བོད་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་བྱས་ཡོད་པས་སྤོབས་པ་སྐྱེ་འོས་པ་ཞིག་རེད། བོད་ཀྱི་རིག་གནས་ཚན་པས་གསར་གཏོད་ཞིབ་ཕྲ་བྱས་པའི་བོད་ཀྱི་ཞབས་བྲོ་ཆེ་གྲས་གླུ་ལེན་བྲོ་འཁྲབ་ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སྟེང་འཁྲབ་སྟོན་བྱེད་སྐབས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བའི་བསྔགས་བརྗོད་ཐོབ་ཡོད་པ་རེད།
བོད་ལ་ཡུལ་སྐོར་དུ་ཕེབས་པའི་ཧོང་ཡང་གིས་ད་ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཐོག་གི་ཞབས་བྲོའི་ལེ་ཚན་ནང་གི་ལྟད་མོ་ཆེ་ཤོས་ཤིག་ནི། རང་རྒྱལ་གྱི་མི་རིགས་ལྔའི་རང་སྐྱོང་ལྗོངས་ཀྱི་མི་རིགས་ཀྱི་ཞབས་བྲོ་གཙོ་བོ་མཉམ་དུ་བསྒྲིགས་ནས། བེད་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་མོའི་ནང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཞི་མཐུན། ཡར་ངོའི་ཟླ་ལྟར་འཕེལ་བ་བཅས་ཀྱི་རྣམ་པ་མངོན་ཐུབ་པ་དང་། མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་བོད་ཀྱི་ཞབས་བྲོ་གླུ་ལེན་བྲོ་འཁྲབ་ཞེས་པ་དེ། ལེ་ཚན་གཙོ་བོ་ཡིན་པའི་ངོས་ནས་བོད་རིགས་མང་ཚོགས་ཀྱི་དགའ་སྤྲོའི་རྣམ་པ་མཚོན་པ་བྱས་ཡོད་པས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་འདུག་ཅེས་བཤད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com