མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་མཚོ་སྔོན་དགུན་དུས་རྨ་ཆུ་རྐྱལ་བརྒལ་གདན་ཞུ་འགྲན་བསྡུར་སྤེལ་རྒྱུ་རེད།
ཟླ2བའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་མཚོ་སྔོན་དགུན་དུས་རྨ་ཆུ་རྐྱལ་བརྒལ་གདན་ཞུ་འགྲན་བསྡུར་དེ་ཟླ་འདིའི་ཚེས26ཉིན་ནས་ཚེས27ཉིན་བར་ཁྲི་ཀ་རྫོང་ནས་སྤེལ་རྒྱུ་རེད། མིག་སྔར་འགྲན་བསྡུར་གྱི་ཐོ་འགོད་བྱ་བ་སྤེལ་བཞིན་པའི་སྒང་རེད།
མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་ནི་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་སྤེལ་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པས། སྐབས་བཅུ་བའི་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་བསུ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ལུས་རྩལ་བྱ་འགུལ་སྣ50ལྷག་རྩ་འཛུགས་བྱེད་རྒྱུ་རེད། དེའི་ནང་། ཟླ་འདིའི་ནང་མཚོ་སྔོན་གྱིས་དགུན་དུས་རྨ་ཆུ་རྐྱལ་བརྒལ་གདན་ཞུ་འགྲན་བསྡུར་སྤེལ་བ་ལས་གཞན། ཟླ2བའི་ཚེས22ཉིན་འབྲི་ཆུའི་འབྱུང་ཡུལ་དུ2011ལོའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བྱ་འགུལ་གྲས་ཀྱི་གཅིག་སྟེ“འབྲི་ཆུའི་འབྱུང་ཡུལ་གྱི་ལུས་རྩལ་མྱུལ་དཔྱད་བྱ་འགུལ”སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com