འབྲུག་ཆུའི་འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ཟླ3པར་ཚང་མ་ལས་འགོ་འཛུགས་རྒྱུ་ཡིན་པ།
ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་ཀན་སུའུ་ཞིང་ཆེན་གྱི་གཞུང་ལམ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། འབྲུག་ཆུར་གནོད་འཚེ་ཕོག་རྗེས་ཀྱི་འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་དམ་འཛིན་བྱེད་བཞིན་ཡོད་པ་དང་རྣམ་གྲངས་ཚང་མ་ཟླ3པའི་ཚེས10ཉིན་གྱི་སྔོན་དུ་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱར་གཞིགས་ཏེ་འབྲུག་ཆུར་གནོད་འཚེ་ཕོག་རྗེས་ཀྱི་འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན་གྱི་ལས་གྲྭ་དང་ལུང་ནན་དུ་ཤྭ་འོད་ཀྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་གྲྭ་ཚང་མ་ལས་འགོ་ཚུགས་ཡོད། འབྲུག་ཆུར་གནོད་འཚེ་ཕོག་རྗེས་ཀྱི་འགྲིམ་འགྲུལ་བསྐྱར་སྐྲུན་ལས་གྲྭར་ད་ལོ་མ་དངུལ་སྒོར་དུང་ཕྱུར3.185གཏོང་རྒྱུ་ཡིན་པ་དེས་སྤྱིའི་མ་འཇོག་གི70%བཟུང་བ་དང་ལོ་མཇུག་སྔོན་དུ་འབྲུག་ཆུ་རྫོང་མཁར་ནས་ཧྥུང་ཏེ་ཁུལ་གསར་དབར་གྱི་འབྲེལ་མཐུད་ལམ་གཞིའི་ལས་གྲྭ་དང་དེ་བཞིན་ཕུག་ལམ་ལས་གྲྭའི70%ལེགས་གྲུབ་དང་། ཞིང་ཆེན་རིམ་པའི་ལམ་བུ313གྱི་གཏོར་སྐྱོན་ཕོག་པའི་དུམ་བུའི་ལམ་ངོས་དང་ཆུ་འགྲོ་དང་དེ་བཞིན་འགོག་སྲུང་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ།འབྲུག་ཆུའི་གཞུང་ལམ་དུམ་བུ་དང་། བདག་སྐྱོང་དོ་དམ་ས་ཚིགས།འགྲུལ་སྐྱེལ་བབས་ཚུགས།ལམ་སྲིད་རུ་ཆེན་གྱི་གཞུང་ལས་ཁང་གི་གཙོ་གཟུགས་ལས་གྲྭ་བཅས་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com