གློག་བརྙན《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པའི་ཕབ་སྐྲུན་མཇུག་རྫོགས་པ།

རྩོམ་པ་པོ།:འཕེལ་རྒྱས་ཚད་ཡོད་ཀུང་སིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-28 10:27:00 ཀློག་གྲངས།:


གློག་བརྙན་དྲིལ་སྒྲོག་པར་རིས།

            2011ལོའི་ཟླ1པའི་ནང་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མས་མཉམ་བསྒྲུབ་སྒོས་ཕབ་འགོ་བཙུགས་པའི་བོད་ཀྱི་དུང་བརྗོད་གློག་བརྙན《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པ་དེ་ད་ལྟ་ཕབ་སྐྲུན་ཡོངས་སུ་མཇུག་རྫོགས་པ་དང༌། 2011ལོའི་ཟླ་5པའི་ནང་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་སྤྱན་ལམ་དུ་འབུལ་རྩིས་ཡིན།


བརྙན་ལེན་པའི་ཚུལ།


ཕབ་སྐྲུན་ལ་ཞུགས་པའི་ཁུངས་མི་རྣམས་ལྷན་དུ་པར་བསྐྱོན་པ།

            ཐེངས་འདིའི་བོད་ཀྱི་དུང་བརྗོད་གློག་བརྙན《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པའི་འཁྲབ་གཞུང་རྩོམ་མཁན་དང་ཕབ་སྐྲུན་པ། འཁྲབ་ཁྲིད་པ། འཁྲབ་མཁན་བཅས་ཆ་ཡོངས་ནས་ཀྱང་ལོ་རབས80བའི་རྗེས་ཀྱི་བོད་རིགས་ན་གཞོན་ཕོ་མོ་ཤ་སྟག་ཡིན་པས། ཁོ་ཚོའི་འཇིག་རྟེན་ལྟ་ཚུལ་དང༌། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་བཅས་དམིགས་གསལ་འབུར་དུ་དོད་པས། ལྷན་རྒྱས་ལ་རོ་མྱོང་གསར་བ་ཞིག་སྟེར་ངེས་ལགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།