ངོས་དང་པོ > སྐབས་དོན། > སྣ་ཚོགས། > ལོ་རྒྱུས་སྙན་ངག་རིང་ཤོས《གེ་སར》གྱི་མྱུར་སྐྱོབ་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ།
ལོ་རྒྱུས་སྙན་ངག་རིང་ཤོས《གེ་སར》གྱི་མྱུར་སྐྱོབ་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཤིན་ཧྭ་དྲ་བ།
དུས་ཚོད།:2018-03-23 09:50:00
ཀློག་གྲངས།:
ཉེ་སྔོན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། འཛམ་གླིང་ཐོག་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གེ་སར》གྱི་མྱུར་སྐྱོབ་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་གླིང་སྒྲུང་དེབ4དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།
ད་ཐེངས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་སྒྲུང་དེབ4ནི་ཁག་སོ་སོར《ཞེ་ཡུའི་ཁྱི་རྫོང》《མཐིང་གླིང་གཡུལ་འགྱེད》《བྱང་གནམ་ཁྲི་ལུག་རྗོང》《ཁ་རོང་གསེར་རྫོང》བཅས་ཡིན། དེ་ན་ད་བར་མུ་འབྲེལ་དཔེ་ཚོགས་དེར་དེབ14ལེགས་སྒྲུབ་བྱུང་ཡོད།
《དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་གླིང་སྒྲུང》དཔེ་ཚོགས་ནི2009ལོར་འགོ་ཚུགས་པ་དང་། དེབ་ཚོགས་ཧྲིལ་པོར་ཁྱོན་ཡིག་འབྲུ་ཁྲི400ལྷག་ཙམ་ཡོད་ཅིང་། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་སྒྲུང་པ14ཡི་སྒེར་གྱི་གླིང་སྒྲུང20བསྡུ་ལེན་བྱ་རྒྱུའི་འཆར་གཞི་ཡོད།
དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་སྒེར་གྱི་གླིང་སྒྲུང་ལ་མི་ཆོས་སྤྱི་ཚོགས་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན་ཡོད། དེའི་ཁྲོད་ས་བཅད་མི་ཉུང་བ་ཞིག་གིས་གནའ་བོའི་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་འདྲིས་མཚོན་པ་དང་། དེ་སྔོན་ཚད་ལྡན་ཡིག་ཆའི་ནང་ཐོན་མྱོང་མེད་པའི་དམངས་སྲོལ་གྱི་དཔྱད་གཞིའི་ཡིག་ཆ་འཁོད་ཡོད་པས《གེ་སར》གྱི་ནང་དོན་ལ་ཕན་ཆ་ལྡན་པའི་ཁ་གསབ་བྱས་ཡོད།
བོད་རང་སྐྱོང་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཚེ་རིང་ཕུན་ཚོགས་ལགས་ཀྱིས། དཔེ་སྐྲུན་བྱས་ཟིན་པའི《གངས་མཐིང་གཉེན་སྟོན་ཆེན་མོའི》ནང་སྟོད་གངས་རིའི་ཡུལ་གྱི་སྲས་མོ་མཐིང་ཡུལ་དུ་མནའ་མར་བཏང་བའི་གཉེན་འབྲེལ་སྐོར་གྱི་གཏམ་རྒྱུད་བརྗོད་ཡོད་པ་དང་། སྔ་དུས་བོད་མི་རིགས་ཀྱི་གཉེན་སྟོན་རིག་གནས་ཞིབ་ཕྲ་འཁོད་ཡོད་ཅིང་། བོད་བྱང་ཐང་ནས་མངའ་རིས་བར་གྱི་བོད་བྱང་རྩྭ་ཐང་གི་ཡུལ་སྲོལ་མཚོན་ཡོད། 《ཞེ་ཡུའི་ཁྱི་རྫོང》ནང་འདོགས་ཁྱིའི་རིགས་ཇི་ལྟར་དབྱེ་བ་དང་རིམ་པ་ཇི་ལྟར་དབྱེ་བ། དེ་བཞིན་འབྲེལ་ཡོད་ཀྱི་ཁུངས་ལུང་སོགས་འཁོད་ཡོད་པས་འདོགས་ཁྱིར་ཞིབ་འཇུག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས།
《གེ་སར》ནི་བོད་མི་རིགས་ཀྱི་གནའ་བོའི་ལྷ་སྒྲུང་དང་གཏམ་རྒྱུད། སྒྲུང་། དམངས་གླུ། གཏམ་དཔེ་སོགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་ཐོག་བྱུང་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པ་དང་། གནའ་བོའི་བོད་མི་རིགས་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་མཚོན་པའི་ཤེས་བྱ་ཀུན་འདུས་ཀྱི་དཔེ་ཆ་ལྟ་བུའི་བརྩམས་ཆོས་ཆེ་མོ་ཞིག་ཡིན། དམངས་ཁྲོད་ཀྱི་སྒྲུང་པ་ནི་གནའ་བོའི་སྒྱུ་རྩལ་འདི་ཉིད་ཉར་ཚགས་བྱེད་མཁན་དང་བརྒྱུད་སྤེལ་བྱེད་མཁན་གཙོ་བོ་ཡིན་ཞིང་། སྒྲུང་པ་མང་པོ་ཞིག་གིས་ངག་རྒྱུན་ལས་དུས་ཡུན་རིང་པོའི་ནང་ཟམ་མི་ཆད་པར་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བས་དེབ་ཚོགས200ལྷག་ཙམ་ཡོད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་འདི་བྱུང་ཡོད། 2009ལོར《གེ་སར》འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་ནང་བདམས་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།