བོད་ལྗོངས་བརྙན་འཕྲིན་ཁང་བསྒྱུར་བསྐྲུན་པུའུ་ཡི་དགོང་ཚོགས་དགུ་ཐུག་གི་དགོང་མོར་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2011-03-02 10:00:00 ཀློག་གྲངས།:


བོད་ལྗོངས་བརྙན་འཕྲིན་ཁང་བསྒྱུར་བསྐྲུན་པུའུ་ཡི་ཀྲུའུ་རེན་
ལྷུན་གྲུབ་སོགས་གདན་དམར་སྟེང་དུ་ཕེབས་བཞིན་པ།

            སྤྱི་ཟླ3པའི་ཚེས3ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་དུ་བོད་ལྗོངས་བརྙན་འཕྲིན་ཁང་གི་བསྒྱུར་སྐྲུན་པུའུ་བཙུགས་ནས་ལོ་25འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དགོང་ཚོགས་ཏེ་《འོད་སྟོང་འབར་བའི་ཞབས་རྗེས》ཞེས་པ་བོད་ལུགས་ཀྱི་ཚེས29ཉིན“དགུ་ཐུག་”གི་དགོང་མོར་བརྙན་འཕྲིན་གྱི་ལམ་ནས་བསྟན་ཏེ་བོད་ལྕགས་ཡོས་ལོའི་ལོ་གསར་ལ་དགའ་སྟོན་གྱི་ཚུལ་དུ་འབུལ་རྒྱུ་རེད།


འཁྲབ་སྟོན་པ་ལྷན་རྒྱས་ཀྱི་འདྲ་པར།


《འོད་སྟོང་འབར་བའི་ཞབས་རྗེས》ཕབ་སྐྲུན་བྱེད་བཞིན་པ།

            དགོང་ཚོགས་སུ་གླུ་གར་དང་། ཁ་ཤགས། སྙན་ངག་གྱེར་འདོན་ལ་སོགས་པའི་ལམ་ནས་ལོ་ངོ25རིང་གི་བོད་ལྗོངས་བརྙན་འཕྲིན་བསྒྱུར་སྐྲུན་བྱ་གཞག་གི་འོད་སྟོང་འབར་བའི་བཤུལ་ལམ་རིང་མོར་ཕྱིར་དྲན་བྱས་ཡོད་པ་རེད།


ནང་སོག་གི་བརྙན་འཕྲིན་ཁང་གི་བློ་མཐུན་གདན་དམར་སྟེང་ནས་ཕེབས་བཞིན་པ།  

            དགོང་ཚོགས་སུ་བོད་ཀྱི་གླུ་བ་གྲགས་ཅན་དོན་གྲུབ་ཚེ་རིང་དང་།བསྟན་འཛིན།ཉི་མ་ཚེ་རིང་སོགས་ཀྱིས་《ནུབ་ཕྱོགས་སུ་གནས་སྐོར་དུ་ཕྱིན་པའི་རྣམ་ཐར》དང་《ཆུ་ངོགས་གཏམ་རྒྱུད》སོགས་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་བརྗོད་བྱའི་གླུ་དབྱངས་ཀུན་གྱི་སྙན་ལམ་དུ་འབུལ་རྒྱུ་ཡིན་པ་རེད།


འཁྲབ་སྟོན་པ་གདན་དམར་སྟེང་ནས་ཕེབས་བཞིན་པ།

            དགོང་ཚོགས་སུ་གདན་འདྲེན་ཞུས་པའི་མཚོ་སྔོན་འཁོར་སྐར་བརྙན་འཕྲིན་དང་།ཁམས་པའི་འཁོར་སྐར་བརྙན་འཕྲིན། ནང་སོག་འཁོར་སྐར་བརྙན་འཕྲིན། ཡན་པན་བརྙན་འཕྲིན་ཁང་སོགས་ཀྱི་སྐད་བསྒྱུར་འཁྲབ་སྟོན་པ་རྣམས་ཀྱིས་ཀྱང་སོག་པོའི་ཁྱད་ཆོས་ལྡན་པའི་པི་ཝང་རྟ་མགོ་མ་དཀྲོལ་བ་དང་། ཁྲའོ་ཤན་མི་རིགས་ཀྱི་དམངས་གླུ《འ་ལི་ལིང》། དེ་མིན་ཨ་མདོའི་སྐད་ཀྱི་《ཆུ་ངོགས་གཏམ་རྒྱུད་》ཀྱི་སྐད་བསྒྱུར་སོགས་ལེ་ཚན་བཅས་ཀུན་གྱི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་ཡིན་པ་རེད།


འཁྲབ་སྟོན་པ་གདན་དམར་སྟེང་ནས་ཕེབས་བཞིན་པ།

            དགོང་ཚོགས་མ་ཚོགས་གོང་དུ་བོད་ལྗོངས་བརྙན་འཕྲིན་བསྒྱུར་སྐྲུན་བྱ་གཞག་ཐད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་མི་སྣ་བཅུ་ཕྲག་ལྷག་དང་དགོང་ཚོགས་སུ་གདན་འདྲེན་ཞུས་པའི་མཚོ་སྔོན་འཁོར་སྐར་བརྙན་འཕྲིན་དང་།ཁམས་པའི་འཁོར་སྐར་བརྙན་འཕྲིན། ནང་སོག་འཁོར་སྐར་བརྙན་འཕྲིན། ཡན་པན་བརྙན་འཕྲིན་ཁང་སོགས་ཀྱི་འཐུས་མི་རྣམས་ཀྱིས་གཟབ་འཆོར་སྤྲས་ཏེ་གདན་དམར་སྟེང་དུ་ཕེབས་ནས་བོད་ལྗོངས་བརྙན་འཕྲིན་ཁང་བསྒྱུར་སྐྲུན་པུའུ་བཙུགས་ནས་ལོ25འཁོར་བར་མིང་རྟགས་བཀོད་ནས་དྲན་རྟེན་དུ་བཞག་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།