གླུ་བ་པདྨ་མ་བསམ་གྲུབ་ཀྱིས་བོད་ལུགས་ལོ་སར་ལ་བཀྲ་ཤིས་པའི་ཁ་གཡང་བརྗོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-03 11:29:00 ཀློག་གྲངས།:


གླུ་བ་པདྨ་བསམ་གྲུབ།

             བོད་ལུགས་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར།  ཏག་ཏག་དགའ་སྤྲོའི་རྣམ་པ་ཁེངས་ཤིང་དུས་བཟང་གི་དཔལ་ལ་རོལ་མྱོང་བྱེད་བྲེལ་ཆེ་བའི་དུས་ཤིག་ཡིན་ལ།   བོད་ཁུལ་གང་སར་ཁྱིམ་མི་ལྷན་འཛོམས་སྒོས་ཚེས29ཉིན་གྱི་མཚན་མོའི་དགུ་ཐུག་འཐུང་བ་དང་ལོ་སར་སྐབས་ཀྱི་དགའ་སྐྱིད་དུས་བཟང་སོགས་རོལ་གྱི་ཡོད་པ་རེད།  
            དེར་བརྟེན།  རང་ཡུལ་དང་ཁ་བྲལ་བའི་གླུ་བ་པདྨ་བསམ་གྲུབ་ཀྱིས་ཁ་ཐག་རིང་དུ་སྡོད་པའི་ཡུལ་མི་སྤུན་ཟླ་རྣམ་པར་ལོ་གསར་བའི་ནང་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་ཁ་གཡང་བརྗོད་ཅིང་།     ཡུལ་ཤུལ་དང་འབྲུག་ཆུ་མི་དམངས་ཀྱི་ཁྱིམ་གཞིས་གསར་བ་དུས་སྔའི་ནང་སྐྲུན་ཐུབ་པར་སྨོན་འདུན་ཞུས་པ་རེད། 
            2011ལོའི་ཟླ1ཚེས7ཉིན།   པདྨ་བསམ་གྲུབ་ཀྱི་ཆེད་བསྒྲིགས་གླུ་གཞས《ཟླ་གཞོངས》ཞེས་པ་འགྲེམ་སྤེལ་བྱས་རྗེས།  མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་།  རྒྱུས་ལོན་བྱས་པ་ལྟར་ན།  བོད་རྒྱ་སྐད་གཉིས་ལམ་ནས་བཏང་པའི་ཆེད་བསྒྲིགས་གླུ་གཞས་འདི་ཚོང་ར་ལས་རྒྱུགས་ཆེ་སྟེ།  རྒྱལ་ནང་གནམ་གྲུ་ས་ཚིགས་དང་།  དཔེ་ཁང་སོགས་གང་སར་ཁྱབ་ཡོད་པར་བཤད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།