ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ལྕགས་མོ་ཡོས་ལོའི་ལོ་སར་དགའ་སྟོན་ལ་རོལ་བ།
ལོ་སར་གྱི་གྲོ་སོ་ཕྱེ་མར།
དགོང་ཚོགས་ཀྱི་རྒྱ་བོད་དབྱིན་གསུམ་གྱི་མདོ་འཛིན་པ།
སྤྱི་ལོ2011ལོའི་ཟླ3ཚེས5ཉིན། བོད་རབ་བྱུང17པའི་ལྕགས་མོ་ཡོས་ལོའི་ཟླ1ཚེས1ལ་པེ་ཅིན་ན་ཡོད་པའི་བོད་རིགས་དགེ་སློབ་རྣམས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ལ་འཛོམས་ནས་བོད་ཀྱི་ལོ་སར་དགའ་སྟོན་ལ་རོལ་བ་རེད།
གླུ་མ་གྲགས་ཅན་འཕྱོངས་ཞོལ་སྒྲོལ་མ།
བོད་ཀྱི་གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མ།
བོད་ཟླ12པའི་ཚེས29ཉིན་བོད་ཀྱི་སྲོལ་རྒྱུན་ལྟར། དགེ་སློབ500ཙམ་ལྷན་དུ་འཛོམས་ནས་དགུ་ཐུག་བཞེས་ཤིང་། དགུ་ཐུག་ལྷན་འཛོམས་ལ་བོད་ཀྱི་སློབ་མ་རྣམས་ལས་གཞན་མི་རིགས་གཞན་པ་དང་ཕྱི་རྒྱལ་སྐུ་མགྲོན་མང་པོ་ཞིག་ཕེབས་ཡོད། དགུ་ཐུག་ལྷན་འཛོམས་སུ་སློབ་གྲོགས་ཡོངས་ཀྱིས《ང་ཚོ་འདི་ལ་འཛོམས་པ》ཞེས་པ་སོགས་གཞས་མང་པོ་མཉམ་ལེན་གྱིས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།
གར་གྱི་སྟངས་སྟབས་བསྒྱུར་བཞིན་པ།
དགེ་སློབ་རྣམས་ཀྱིས་ལྷན་དུ་དགུ་ཐུག་བཞེས་བཞིན་པ།
གནམ་གང་གི་དགོང་མོ་སློབ་གྲྭ་འདི་ག་ནས་ལོ་སར་གྱི་རིག་རྩལ་སྤྲོ་ཚོགས་བསྡུས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འགོ་ཁྲིད་རྣམ་པ་དང་། སློབ་གླིང་གི་འགོ་གཙོ་རྒན་ཚེ་རིང་ཐར་དང་བཀྲ་བྷ་སོགས་བོད་རིགས་དགེ་སློབ་རྣམས་ཕེབས་ཡོད་ཅིང་། དུས་ཚོད་གཉིས་ཙམ་གྱི་ལོ་སར་རིག་རྩལ་དགོང་ཚོགས་ལ་རོལ།
བོད་མདོ་དབུས་ཁམས་གསུམ་གྱི་རྒྱན་གོས་འཁྲབ་སྟོན།
ཞབས་བྲོ་འཁྲབ་སྟོན།
དགོང་ཚོགས་སུ་བོད་ཀྱི་གླུ་བ་གྲགས་ཅན་སྐལ་བཟང་ཚེ་རིང་དང་གླུ་མ་རིག་འཛིན་སྒྲོལ་མ། འཕྱོངས་ཞོལ་སྒྲོལ་མ་སོགས་གདན་འདྲེན་ཞུས་ཡོད་ཅིང་། སློབ་གྲོགས་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གླུ་གར་དང་དེང་རབས་ཞབས་བྲོ་སོགས་གྱ་ནོམ་པ་ཞིག་སྐུ་མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཕུལ། ལྷག་པར་དུ་བོད་མདོ་དབུས་ཁམས་གསུམ་གྱི་གྱོན་གོས་འཁྲབ་སྟོན་གྱིས་དགོང་ཚོགས་ལ་གཟི་འོད་བསྣན་ཡོད་པ་རེད།
ཚེས་གཅིག་གི་ནང་མོ། སློབ་གྲོགས་རྣམས་ཕན་ཚུན་ལ་མགྲོན་དུ་ཕེབས་ཤིང་། དགེ་རྒན་རྣམས་ལ་བཀྲ་ཤིས་པའི་ལོ་སར་བསྐྱལ། སློབ་གྲོགས་རྣམས་ཀྱིས་སོ་སོའི་མལ་ཁང་དུ་སྡེར་ཁ་གྱ་ནོམ་པ་ཞིག་སྒྲིག་ནས་མཉམ་དུ་ལོ་སར་གྱི་སྤྲོ་སྐྱིད་ལ་རོལ། གཞན་ལོ་སར་གྱི་ཚེས་གཉིས་ལ་སློབ་གླིང་གིས་རྩ་འཛུགས་བྱས་པའི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ལ་མཉམ་རོལ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com