མཚོ་སྔོན་གྱིས་ཧུར་བརྩོན་གྱིས“མཛེས་སྡུག་གི་མཚོ་སྔོན”གནས་སྐོར་ཆས་རྟགས་གསར་འཛུགས་བྱེད་བཞིན་ཡོད་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-03-08 08:54:00 ཀློག་གྲངས།:
            ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ཧུར་བརྩོན་གྱིས“མཛེས་སྡུག་གི་མཚོ་སྔོན”གྱི་གནས་སྐོར་ཆས་རྟགས་གསར་འཛུགས་བྱས་ཏེ། ཤུགས་ཆེན་པོས་མཚོ་སྔོན་མཐོ་སྒང་གི་གནས་སྐོར་སྣང་བརྙན་གསར་དུ་བཙུགས།
            རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྣ་འཛོམས་འཕྲིན་ལམ་དང་ནོར་སྲིད་དང་དཔལ་འབྱོར་འཕྲིན་ལམ་སོགས་ནས་དུས་ཚོད་མི་འདྲ་བའི་སྟེང“མཛེས་སྡུག་གི་མཚོ་སྔོན”གྱི་གནས་སྐོར་དྲིལ་བསྒྲག་གི་བརྡ་ཁྱབ་གཏོང་བ་ལས་གཞན། རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་ནས་ཀྱང“མཛེས་སྡུག་གི་མཚོ་སྔོན”གྱི་གནས་སྐོར་སྣང་བརྙན་འགྲེམ་སྟོན་བྱས་ཡོད།
            དུས་མཚུངས་སུ་ཟླ3པའི་ཚེས1ཉིན་ནས་བཟུང་། པེ་ཅིན་གྱི་སྲང་ལམ་གཙོ་བོ་དག་གི་རླངས་འཁོར་སྒུག་སའི་སྤྱི་ཕན་གློག་སྒྲོན་སྒམ་གྱི་སྟེང་དུའང“མཛེས་སྡུག་གི་མཚོ་སྔོན”གྱི་མཛེས་ལྗོངས་པར་རིས་འགྲེམ་སྟོན་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།