མཚོ་ནུབ་ལོ་སར་དགོང་ཚོགས《ཚྭ་འདམ་གཡུ་གཞོང་ཕྱུག་མོའི་གཟི་ཉམས》ཞེས་པ་མཚོ་ནུབ་ཟློས་གར་ཁང་དུ་བསྡུས།
འགོ་ཁྲིད་ལྷན་རྒྱས་དགོང་ཚོགས་ལ་ཞུགས་པ།
ཟླ་འདིའི་ཚེས5ཉིན་གྱི་ཕྱི་དྲོ། མཚོ་ནུབ་ཁུལ་གྱི2011ལོའི་བོད་ལྕགས་མོ་ཡོས་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ《ཚྭ་འདམ་གཡུ་གཞོང་ཕྱུག་མོའི་གཟི་ཉམས》ཞེས་པ་མཚོ་ནུབ་ཟློས་གར་ཁང་དུ་གཟབ་རྒྱས་ངང་བསྡུས།
དགོང་ཚོགས་འགོ་བརྩམས་པ།
དགོང་ཚོགས་ཀྱི་མདོ་འཛིན་པ།
ལོ་སར་སྤྲོ་ཚོགས་སྟེང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པཱ་ཡང་ཆེན་དང༌། ཁུལ་ཨུའི་རྒྱུན་ཨུའམ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བུ་སེར། ཁུལ་ཨུའི་རྒྱུན་ཨུའམ། ཁུལ་དཔོན་གཞོན་པ་ཀྲང་མིན། ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཧི་ཡིན། ཁུལ་དཔོན་གཞོན་པ་སྟག་ཐར། ཁུལ་ཡན་ལག་དམག་ཁུལ་གྱི་སྲིད་ཨུ་ཁྲིན་ཅིན་ཡན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། ཁུལ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་རྒྱལ་སྲས་སོགས་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་རྣམས་ཞུགས་ཤིང༌། དེ་མིན་ད་དུང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་བོད་རིགས་མང་ཚོགས་དྲུག་བརྒྱ་ཉེ་བ་ལྷག་དགོང་ཚོགས་སུ་ཞུགས་ཏེ། བོད་ལྕགས་མོ་ཡོས་ལོའི་ལོ་སར་རིག་རྩལ་འཁྲབ་སྟོན་གྱི་དགའ་མགུ་ལ་རོལ། ཁུལ་དཔོན་གཞོན་པ་སྟག་ཐར་གྱིས་མཚོ་ནུབ་ཁུལ་གྱི་ལས་རིགས་སྡེ་ཁག་ཆེན་པོ་ལྔའི་ཚབ་བྱས་ཏེ། ལོ་སར་ལ་ཤིས་ཚིག་ཕུལ་ཏེ། བོད་རིགས་སྤུན་ཟླ་སྤྱི་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ལོ་སར་གསར་བའི་ནང་བྱ་བཞག་ཐམས་ཅད་ཡར་རྒྱས་ཡོང་ཞིང༌། འཚོ་བ་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
བཞད་གར་འཁྲབ་པ།
ལྟད་མོ་ལྟ་ཞོར་གླེང་མོལ་བྱེད་པ།
ཁོས་བཤད་རྒྱུར། འདས་པའི་མ་ཐག་པའི2010ལོ་ནི། སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་པ་དང༌། འདས་པའི་ལོ་ངོ་གཅིག་རིང་གི་ཚུན་ལ། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་དག་སྣེ་དང༌། བླ་མེད་ཐུགས་ཁུར་འོག་དང༌། ཁུལ་ཨུ་དང་སྲིད་གཞུང་གིས་དཀའ་བ་ཡོད་ཚད་ཁྱད་བསལ་གྱིས་རིགས་སོ་སོའི་མི་དམངས་སྣེ་ཁྲིད་དེ། སེམས་ཤུགས་གཅིག་མཐུན་དང་དཀའ་ངལ་སྣ་ཚོགས་མཉམ་སེལ་བྱས་འོག རང་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་རྣམ་པ་གསར་བའི་གྲུབ་འབྲས་མངོན་ཡོད། 2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་འཁོར་དགུ་བཅུ་ལོན་པའི་ལོ་དང༌། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་འགོ་རྩོམ་པའི་ལོའང་ཡིན་པས། ང་ཚོས་དུས་རབས་ཀྱིས་སྤྲད་པའི་ལས་འགན་ལྕི་མོ་ཁུར་དུ་བླངས་ཏེ། ཡར་རྒྱས་བརྩོན་ལེན་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་ཅན་གྱི་མཚོ་ནུབ་གསར་བ་ཞིག་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་བའི་རེ་བ་བཏོན།
བསྟོད་གླུ་ལེན་པ།
དེང་རབས་གླུ་གཞས་ཕུལ་བཞིན་པ།
སྤྲོ་ཚོགས་བཀྲ་ཤིས་དང་སྨོན་འདུན་གྱིས་ཕྱུག་པའི་བོད་བྲོ་དཔྱིད་ཀྱི་ཕོ་ཉ་སླེབས་སོང་ཞེས་པའི་ཁྲོད་དངོས་སུ་འགོ་བརྩམས་ཤིང༌། ཁེར་ལེན་ལོ་སར་གྱི་ཁ་བ་དང༌། མ་ནི་ཡིག་དྲུག བཤད་པ་མཆོད་བསྟོད་གཡང་གི་སྒོ་མོ། བོད་ཀྱི་རྒྱན་གོས་འཁྲབ། དམངས་གླུ་དུས་དེ་རིང་བོད་པའི་ལོ་སར་རེད། ལོ་རེ་ཚེས་ན་གླུ་རེ་ལེན་སོགས་ཀྱིས་རང་ས་གནས་ཀྱི་བོད་རིགས་མང་ཚོགས་རྣམས་བོད་རང་གི་ལོ་སར་ལ་རོལ་བའི་སྤྲོ་སེམས་དང་ལོ་གསར་བའི་ནང་གི་སྨོན་འདུན་མཚོན་པ་ཡོད་པ་མ་ཟད། གོང་རིམ་གྱི་ཡང་དག་པའི་ཐུགས་ཁུར་འོག མཚོ་ནུབ་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་གོ་སྐབས་དམ་འཛིན་བྱས་ཏེ། མ་འོང་འཚོ་བ་གསར་བ་ཞིག་བསྐྲུན་པའི་ཆོད་སེམས་ཀྱང་མཚོན་ཡོད། སྤྲོ་ཚོགས་ཀྱི་མགོ་མཇུག་བར་གསུམ་དུ་བོད་མི་རིགས་རང་གི་རིག་གནས་སྒྱུ་རྩལ་གྱི་རྣམ་པས་ཡོངས་སུ་ཕྱུག་ཡོད་པའི་སྐོར་བྲོ་དང་གླུ་བྲོ་སྣ་ཚོགས་ཀྱིས་ཟུར་བརྒྱན་ཡོད་པས། ཚོགས་ར་ཧྲིལ་བོར་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས། ཐེངས་འདིའི་བོད་ཀྱི་ལོ་སར་རིག་རྩལ་དགོང་ཚོགས་བསྡུས་པ་འདིས་མཚོ་ནུབ་ས་ཁུལ་གྱི་བོད་ཀྱི་ལོ་སར་རིག་རྩལ་སྤྲོ་ཚོགས་གཟབ་རྒྱས་ཤིག་འཚོགས་མ་མྱོང་བའི་ལོ་རྒྱུས་ལ་སྟོང་ཆ་ཐོག་མར་བསྐང་བ་ཡིན་ལ། ལོ་རེར་ཐེངས་རེ་བསྡུ་པའི་བོད་ལུགས་ལོ་སར་སྤྲོ་ཚོགས་ཤིག་བསྡུ་ཐུབ་པར་ལམ་སྲོལ་ཞིག་བཏོད་པའང་རེད།
དགོང་ཚོགས་ཀྱི་ཟུར་ཞིག
རྒྱན་གོས་འཁྲབ་སྟོན་བྱེད་པ།
དགོང་ཚོགས་མཇུག་སྒྲིལ་བ།
ཐེངས་འདིའི་ལོ་སར་དགོང་ཚོགས་ནི་མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་གི་བོད་སྐད་ཚན་ཁག་བཙུགས་ནས་ལོ་འཁོར་གཅིག་ལོན་པའི་ཚུན་ལ། བོད་སྐད་ཚན་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་རང་ཉིད་ཀྱིས་ཇུས་འགོད་དང་འཁྲབ་ཁྲིད་བྱས་པའི་ལོ་སར་དགོང་ཚོགས་ཆེན་མོ་ཞིག་ཡིན་ཞིང༌། ཐེངས་འདིས་དགོང་ཚོགས་བསྡུས་པ་འདིས་མཚོ་ནུབ་ཁུལ་གྱི་བོད་སྐད་བརྙན་འཕྲིན་པའི་ལས་བཟོ་བའི་ཕྱོགས་བསྡུས་ནུས་བ་མཐོར་འདེགས་སུ་གཏོང་བར་སྦྱོང་བརྡར་ཐོབ་ལ། རྗེས་ཕྱོགས་བོད་སྐད་བརྙན་འཕྲིན་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང༌པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com