དགའ་ལྡན་སྲུང་བཙན་གླིང་གྲྭ་ཚང་འདུ་ཁང་ད་ལོའི་ཟླ10བའི་ནང་བསྐྱར་འཛུགས་ལེགས་འགྲུབ་བྱེད་འཆར་ཡོད་པ།
དགའ་ལྡན་སྲུང་བཙན་གླིང་།
དགའ་ལྡན་སྲུང་བཙན་གླིང་ནི་ཡུན་ནན་ཞིང་ཆེན་དུ་གཞི་རྒྱ་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་དགོན་པ་ཞིག་ཡིན་པ་དང་། “པོ་ཏ་ལ་ཆུང་ངུ”ཞེས་པའི་མིང་ཐོགས་པ་དང་། ཤམ་བྷ་ལའི་གནས་མཆོག་ཞིག་ཏུ་ངོས་འཛིན་གྱི་ཡོད་པས། 《ཡལ་ཟིན་པའི་གནམ་སའི་མུ་མཚམས》ཞེས་པའི་ཤུགས་རྐྱེན་འོག མི་རྣམས་ཀྱིས་ཡི་རང་བྱེད་སའི་ཆེས་མཛེས་སྡུག་གི་གནས་མཆོག་ཏུ་སྣང་གིན་ཡོད་པ་རེད།
2009ལོའི་ཟླ7པའི་ཚེས11ཉིན། དགའ་ལྡན་སྲུང་བཙན་གླིང་གྲྭ་ཚང་འདུ་ཁང་གི་སྲུང་སྐྱོང་རང་བཞིན་གྱི་བསྐྱར་འཛུགས་བཟོ་བཀོད་བྱ་བ་དངོས་སུ་འགོ་བརྩམས་ཤིང་། 2010ལོའི་ཟླ8པའི་ཚེས23ཉིན་གྲྭ་ཚང་འདུ་ཁང་དབྱིབས་ཀྱི་རྣམ་པ་ཡོངས་སུ་འགྲུབ་ཟིན་པ་དང་། སྔར་གྱི་གྲྭ་ཚང་འདུ་ཁང་དང་མི་མཐུན་པ་ཞིག་ནི། སྔར་གྱི་གྲྭ་ཚང་འདུ་ཁང་གི་མཐོ་ཚད་ལ་སྨི34དང་། ཐེངས་འདིའི་གྲྭ་ཚང་འདུ་ཁང་གི་མཐོ་ཚད་ལ་སྨི47.5ཡོད་ཅིང་། མཐོ་ཚད་དང་ཁང་རྩེ་སོགས་ཕྱོགས་གང་ཐད་ནས་ཀྱང་སྔར་ལས་གཟི་བརྗིད་ཀྱིས་ཕྱུག་པས་ལྟོས་པ་ཙམ་གྱིས་ཐུན་མིན་ཁྱད་དུ་འཕགས་པར་སྣང་བ་རེད།
སྲུང་བཙན་གླིང་དགོན་པའི་དོ་དམ་ཅུའུ་ཡི་འབྲེལ་ཡོད་མི་སྣ་ལས་རྒྱུས་ལོན་བྱས་པ་ལྟར་ན། 2011ལོའི་ཟླ10བའི་ནང་གྲྭ་ཚང་འདུ་ཁང་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་བརྩོན་ལེན་ཅི་ལྕོགས་བྱེད་རྒྱུ་ཡིན་པར་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com