ཨུ་ཡོན་པདྨས་མཚོ་སྔོན་དུ་བོད་ལུགས་སྨན་རྫས་ཀྱི་རྟེན་གཞི་གཙོ་བོ་འཛུགས་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ།:གཡང་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-03-11 09:03:00 ཀློག་གྲངས།:

            ད་ལྟ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་བཞིན་པའི་ཨུ་ཡོན་པདྨས་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་ལེགས་སྒྲིག་དང་ཞིབ་འཇུག་རྒྱ་ཁྱབ་ཏུ་བཏང་སྟེ་མཚོ་སྔོན་དུ་རང་རྒྱལ་གྱི་བོད་ལུགས་སྨན་རྫས་རྟེན་གཞི་གཙོ་བོ་འཛུགས་དགོས་པའི་རེ་བ་བཏོན།
            པདྨས་བཤད་རྒྱུར། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ལ་མཚོན་ན་མཚོ་སྔོན་དུ་མང་ཚོགས་རང་བཞིན་གྱི་རྨང་གཞི་བརྟན་པོ་ཞིག་ཡོད་པ་དང་། མཚོ་སྔོན་དུ་ད་ལྟ་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྫས་སྨན་བཅོས་དང་སློབ་གསོ། ཚན་རྩལ་ཞིབ་འཇུག་དང་སྨན་བཅོས་གསར་སྤེལ་མ་ལག་བཅས་ཀྱི་ཐོག་མའི་རྣམ་པ་ཆགས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་རིམ་པ་གཉིས་སུ་ད་ལྟ་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་སུམ་ཅུ་སོ་དགུ་ཡོད།
            ཡིན་ནའང་ཉེ་བའི་ལོ་འགའི་རིང་ལ་སྨན་ཁང་བཅོ་བརྒྱད་ཀྱི་བྱེད་སྒོའི་ཁང་བ་གསར་དུ་འཛུགས་སྐྲུན་དང་རྒྱ་བསྐྱེད་བྱས་མོད། སྨན་ཁང་ཉེར་གཅིག་གིས་ད་དུང་ཁང་བ་གསར་འཛུགས་དང་རྒྱ་བསྐྱེད་བྱེད་པར་སྒུག་ཡོད་ལ། ཁང་བ་གསར་འཛུགས་དང་རྒྱ་བསྐྱེད་བྱེད་པའི་སའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་དྲུག་ལྷག་དགོས་ཟེར།
            པདྨས་རྒྱལ་ཁབ་ཀྱིས་ལོ་རེ་བཞིན་དུ་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་བདུན་གྱི་ཁང་པ་གསར་འཛུགས་དང་རྒྱ་བསྐྱེད་བྱེད་པའི་ལས་གཞི་གཏན་ལ་ཕབ་སྟེ། ལོ་གསུམ་གྱི་དུས་ཚོད་བེད་སྤྱོད་བྱས་ནས་མཚོ་སྔོན་གྱི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་གི་བྱེད་སྒོའི་ཁང་བ་བཀོལ་སྤྱོད་བྱེད་པར་ལེགས་བཅོས་བྱེད་དགོས་པར་མ་ཟད། སྨན་ཁང་གི་གཞུང་སྒྲུབ་ཁོར་ཡུག་དང་ནད་པར་སྨན་བཅོས་བྱེད་པའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཏུ་འཇུག་དགོས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་གྱི་བོད་ལུགས་སྨན་རྫས་ཀྱི་སྲོལ་རྒྱུན་ནད་བཅོས་བྱེད་ཐབས་ཀྱི་ལག་རྩལ་སྔོག་འདོན་དང་ལེགས་སྒྲིག  ཞིབ་འཇུག  རྒྱ་ཁྱབ་ཏུ་གཏོང་བ་བཅས་ཀྱི་བྱ་བར་ཆེད་དུ་རྒྱབ་སྐྱོར་བྱས་ནས། ལོ་རེ་བཞིན་དུ་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་ཐབས་ཀྱི་ལག་རྩལ་ཉི་ཤུ་ལེགས་སྒྲིག་དང་རྒྱ་ཁྱབ་ཏུ་གཏོང་དགོས་པ་དང་། དེར་ཁ་གསབ་སྒོར་མོ་འབུམ་གསུམ་དགོས་པའི་གྲོས་གཞི་བཏོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།