བོད་ཤར་ལྷོའི་ས་ཚིགས་ཀྱིས་འཁྱགས་རོམ་མཚེའུ་ལ་ལྟ་ཞིབ་ཚད་ལེན་དང་གནོད་འཚེའི་སྐོར་ལ་ཞིབ་འཇུག་བྱེད་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་། དུས་ཚོད།:2011-03-12 11:20:00 ཀློག་གྲངས།:

            གོ་ལ་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་འགྲོ་བ་དང་བསྟུན་ནས་མཚོ་བོད་མཐོ་སྒང་གི་འཁྱགས་རོམ་འཇུ་ཚད་ཚབས་ཆེ་བ་སྤྱི་དང་། ནང་སྒོས་སུ་བོད་ཤར་ལྷོ་དང་བོད་ལྷོ་ཕྱོགས་ཀྱི་མཚོ་བོད་མཐོ་སྒང་གི་མཐའ་མཚམས་སུ་ཆགས་པའི་འཁྱགས་རོམ་འཇུ་ཚད་དེ་བས་ཚབས་ཆེ། འཁྱགས་རོམ་ཞུ་བའི་ཆུ་རྒྱུན་འབོར་ཆེན་བྱུང་བར་བརྟེན་ནས་འཁྱགས་རོམ་མཚེའུ་ཡི་ཁ་གྲངས་ཇེ་མང་དང་། གཞི་རྒྱ་ཇེ་ཆེར་སོང་བས། སྔར་གྱི་འཁྱགས་རོམ་མཚེའུ་བརྟན་པོ་ཡོང་དཀའ་ཞིང་། ཆུ་རགས་ཤོར་ནས་གནོད་སྐྱོན་འབྱུང་སླ་བའི་གནས་སུ་ལྷུང་ཡོད།
            འཁྱགས་རོམ་མཚེའུ་ཡི་ཆུ་རགས་ཤོར་རྗེས་ཆུ་ལོག་གམ་རྡོ་ཟེགས་ཉུལ་བའི་གནོད་འཚེ་ནི་སྐད་ཅིག་སྐད་ཅིག་ཡིན་པས། དེར་ཆུ་ལོག་དང་རྡོ་ཟེགས་ཉུལ་རྒྱ་ཇེ་ཆེ་དང་། གནོད་འཚེ་ཐེབས་ས་ཇེ་ཆེ། གནོད་འཚེ་ཐེབས་ཚད་ཤུགས་དྲག་པ་བཅས་ཀྱི་ཁྱད་ཆོས་ལྡན། སྡོམ་རྩིས་ལྟར་ན། ཉེ་བའི་ལོ་ངོ50ཡི་ནང་དུ་ཧི་མ་ལ་ཡའི་རི་ཁུལ་དུ་ཉུང་མཐའ་ཡང་འཁྱགས་རོམ་མཚེའུ་ཡི་ཆུ་རགས་ཤོར་བའི་ཆུ་ལོག་དང་འདམ་ཉུལ་ཆེ་གྲས་ཐེངས20ལྷག་ཙམ་ལ་བྱུང་མྱོང་བ་དང་། དེའི་ནང་དུ4ཆའི3ཡི་ཆུ་རགས་ཤོར་བའི་གནོད་སྐྱོན་རང་རྒྱལ་གྱི་བོད་ལྗོངས་ནང་ཁུལ་ནས་བྱུང་བ་ཡིན་པས།   བོད་ལྗོངས་ས་ཁུལ་གྱི་སྤྱི་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས་ལ་བར་ཆད་བཟོ་བ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་སྐུལ་བའི་ས་གཤིས་གནོད་འཚེ་འབྱུང་ས་གཙོ་བོ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།